མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་སྟེ་སྒོར400རུ་སླེབས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-11 11:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས9ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། བོད་ལྗོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་ཚད་གཞི་སྒོར360ནས་ཇེ་མཐོར་བཏང་སྟེ་སྒོར400རུ་སླེབས་པ་དང་། མེ་སྒེར་གྱིས་མ་དངུལ་སྤྲོད་ཚད་སྒོར60ཡིན་པ་འགྱུར་ལྡོག་བྱུང་མེད་ལ། ནོར་སྲིད་ཀྱིས་ཁ་གསབ་ཚད་གཞི་སྒོར300ནས་སྒོར340རུ་ཇེ་མཐོར་བཏང་ཡོད་དེ། ཚད་གཞི་ཇེ་མཐོར་བཏང་བའི་མ་དངུལ་ཡོད་ཚད་རང་སྐྱོང་ལྗོངས་ནོར་སྲིད་ཐིན་གྱིས་འགན་འཁུར་རྒྱུ་རེད།

རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སྨན་བཅོས་འགན་སྲུང་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གནས་སྐབས་ཀྱི་བྱེད་ཐབས》དེ2007ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས་ཤིང་། སྐབས་དེའི་དངུལ་སྤྲོད་ཚད་གཞི་ནི་མི་རེའི་ལོ་རེར་སྒོར200རེ་སྤྲད་དགོས་ཤིང་། དེའི་ནང་མི་སྒེར་གྱིས་སྒོར60སྤྲད་པ་དང་། རིམ་པ་སོ་སོའི་ནོར་སྲིད་ཀྱིས་སྒོར140ཁ་གསབ་བྱས་པ་ཡིན། ད་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། རང་ལྗོངས་ཀྱིས་ཐེངས་ལྔ་བར་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་སྟེ། སྲིད་གཞུང་གིས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣར་སྒོར340ཁ་གསབ་བྱེད་བཞིན་ཡོད། མིག་སྔར་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དེ་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་དང་། ལྗོངས་ཡོངས་ཀྱི་སྲིད་ཇུས་གཅིག་གྱུར་ཡིན་པ། གཅིག་གྱུར་སྒོས་མ་དངུལ་བསྡུ་ལེན་དང་སྤྲོད་བཞིན་ཡོད་པས། དངུལ་རྩའི་ཉེན་ཁ་ལ་འགོག་སྲུང་བྱེད་པའི་ནུས་བ་མངོན་གསལ་ངང་ཇེ་མཐོར་འགྲོ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག