མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་བྱ་བའི་འཕེལ་རིམ་བདེ་བླག་ཡིན་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཆུ་བེད་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་ཆུ་གློག་འཛུགས་སྐྲུན་དང་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་གཏོང་བའི་བྱ་བ་གཉིས་ཟུང་འབྲེལ་བྱེད་པར་ཤུགས་བསྣན་ཞིང་། ཉེ་སྔོན་གསར་འགོད་པས་ཉིང་ཁྲི་ས་ཁུལ་གྱི་ཆུ་བེད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཉིང་ཁྲི་ས་ཁུལ་གྱིས་གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས་ཆེན་པོ4དང་ཆུང་ངུ18འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར18.175བཏང་ཡོད།

ཉིང་ཁྲི་ས་ཁུལ་ཆུ་བེད་ཅུའུ་ཡི་བརྟག་དཔྱད་པ་གཞོན་པ་ལིས་ན་ཡིས་བཤད་རྒྱུར། 2013ལོའི་ལོ་མཇུག་བར་དུ། ཉིང་ཁྲི་ས་ཁུལ་ཆུ་བེད་སྡེ་ཁག་གིས་དོ་དམ་བྱེད་བཞིན་པའི་ཆུ་གློག་ས་ཚུགས98ཡོད་པ་དང་། ཆུ་གློག་ས་ཚུགས་ལས་གྲོང་རྡལ53གྱི་སྲིད་འཛིན་གྲོང་ཚོ480ཡི་སྡེ་མི་ཁྲི13.08ལྷག་གི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་པ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག