མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལེགས་འགྲུབ་འབྱུང་རྩེ་ཡོད་ལ་ད་ལོའི་ཟླ9བར་མེ་འཁོར་ཤར་གཏོང་བྱ་རྒྱུ་རེད།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས8ཉིན་བོད་ལྗོངས་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཚེས8ཉིན་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། རྗེས་ཤུལ་གྱི་བྱ་བ་གཙོ་བོ་ནི་མེ་འཁོར་ས་ཚུགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་། ལམ་གཞི་སྟེང་གི་བྱེ་འགོག ལྗང་སྒྱུར་བྱེད་པ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་རེད། འཆར་གཞི་ལྟར་ན། ད་ལོའི་ཟླ5བར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལམ་ལྕགས་འདང་བའི་ལས་གཞི་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང་། སྤྱི་ཟླ6པར་མེ་འཁོར་ས་ཚུགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་ལ། སྤྱི་ཟླ7པ་དང8པའི་ནང་ཞིབ་བཤེར་རྩིས་ལེན་བྱས་ཏེ། ད་ལོའི་ཟླ9བར་མེ་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག