མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་སྦག་བཙོག་བཟོ་པའི་ཁེ་ལས82ལ་སྒོ་རྒྱག་ལེགས་བཅོས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-03-08 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་ནས་ཤེས་གསལ་ལྟར་ན། 2013ལོར་བོད་ལྗོངས་ཀྱིས་མུ་མཐུད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“སྐུད་དམར་”དམ་སྲུང་བྱས་ཏེ། ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་པའི་ཁེ་ལས82ཀྱི་སྒོ་བརྒྱབ་པའམ་སྒོ་བྱང་སྒྲུབ་པར་ལྟ་སྐུལ་གྱིས་ཚད་བཀག་ལེགས་སྒྲིག་བྱེད་པར་གཏན་འཁེལ་གནང་། ན་ནིང་གི་ལོ་མཇུག་བར་དུ། ཁེ་ལས65ཡི་སྒོ་རྒྱག་པའམ་ཚད་བཀག་ལེགས་སྒྲིག་གི་འོས་འགན་ཡོངས་སུ་ལེགས་འགྲུབ་བྱུང་།  

བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་འགོ་གཙོ་འཇམ་དཔལ་གྱིས། ན་ནིང་བོད་ལྗོངས་ཀྱིས་མངའ་ཁོངས་གཙོ་བོའི་ཁོར་ཡུག་ལྟ་ཞིབ་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་ཁོར་ཡུག་ལྟ་རྟོག་དོ་དམ་ལས་ཀར་ཤུགས་བསྣན་ཏེ། འགྲིམ་འགྲུལ་དང་། ཆུ་གློག ཡུལ་སྐོར། གཏེར་ཁ་སོགས་འཛུགས་སྐྲུན་རྣམ་གྲངས་ཆེ་ཤས་དག་ལ་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་ལས་ཀ་ལག་བསྟར་བྱས་པ་དང་། ལྷ་ས་གྲོང་ཁྱེར་གཙོ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཉེ་འཁོར་གྱི་རྡོ་དང་རྡོ་ཟེགས་སྔོག་འདོན་ལ་འཆུན་འདོམས་བྱས་པ་དང་ཆབས་ཅིག གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཁེ་ལས40རུ་ཁོར་ཡུག་ལྟ་ཞིབ་མི་སྣ་མངགས་སྡོད་བྱེད་དུ་བཅུག་པ་ཡིན་ཟེར།

གཞན་བོད་ལྗོངས་སྦག་བཙོག་འབྱུང་ཁུངས་ལྟ་རྟོག་ཚོད་འཛིན་ལས་ཀར་ཡང་འཕེལ་རྒྱས་གསར་བ་བྱུང་། ན་ནིང་བོད་ལྗོངས་ཀྱི་སྦག་བཙོག་འབྱུང་ཁུངས་རྒྱང་ཁྲིད་རང་འགུལ་ལྟ་སྐུལ་ཚོད་འཛིན་སྟེགས་བུ་ཐོག་མ་སྟེ་ལྷ་ས་གྲོང་ཁྱེར་བཟོ་ལས་ཁེ་ལས་ཀྱི་སྦག་བཙོག་འབྱུང་ཁུངས་གཙོ་བོའི་སྐུད་ཐོག་ལྟ་སྐུལ་ཚོད་འཛིན་མ་ལག་གི་སྟེགས་བུ་དེ་བཙུགས་ནས་བཀོལ་སྤྱོད་ཐུབ་པ་བྱུང་ཞིང་། སྟེགས་བུ་དེའི་དུས་སྐབས་དང་པོའི་རྣམ་གྲངས་དང་ལྷ་ས་གྲོང་ཁྱེར་གྱི་ཆུ་ཁུངས་གཙོ་བོ་དྲུག འཕྲུལ་སྒུལ་འཁོར་ལོ་ཕྱོགས་བསྡུས་ཞིབ་བཤེར་ལྟེ་གནས་གཅིག རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་སྦག་བཙོག་འབྱུང་ཁུངས་བཟོ་ལས་ཁེ་ལས་གཙོ་བོ་བརྒྱད་བཅས་དྲ་འབྲེལ་ཐོག་སྦག་བཙོག་འབྱུང་ཁུངས་ལ་ཆུ་ཚོད24རིང་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་བྱུང་།

འཇམ་དཔལ་གྱིས་བཤད་རྒྱུར། 2013ལོར་བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱིས་ཁོར་ཡུག་སྦག་བཙོག་གི་ཆད་པ་གཅོད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁྲིམས་འགལ་གྱིས་སྦག་བཙོག་བཟོ་དང་སྐྱེ་ཁམས་ལ་གཏོར་བརླག་བཟོ་བའི་བྱེད་སྤྱོད་ལ་གྱོད་དོན་ཐོ་འགོད་ཀྱིས་ཐག་གཅོད་ནན་མོ་བྱས་པས། ལོ་ཧྲིལ་བོར་ཆད་དངུལ་སྒོར་ཁྲི173.3ལ་སླེབས། དུས་མཚུངས་སུ། ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་གང་རུང་ཞུ་གཏུག་བྱེད་ས་ཞལ་པར12369ལ་མང་ཚོགས་ཀྱིས་ཞུ་གཏུག་ཐེངས202བྱས་པ་ལས་བརྒྱ་ཆའི100ཐག་བཅད་པ་དང་། ལོ་ཧྲིལ་བོར་ཁོར་ཡུག་སྦག་བཙོག་དཔྱ་ཁྲལ་གྲོན་དངུལ་ཁྲི1645བསྡུས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉིན་འགའི་སྔོན་ལ། བོད་རང་སྐྱོང་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱེད་ཐབས》བཏོན་ཞིང་། ལོ་རེར་སྒོར་ཁྲི7400ཡི་གཞི་ཁྱོན་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་གཟེངས་རྟགས་མ་དངུལ་བཀོལ་སྒྲིག་གནང་། ད་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རྫོང74﹝གྲོང་ཁྱེར། ཁུལ།﹞ཡི་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལས་ཀར་ཕྱོགས་ཡོངས་ནས་དཔྱད་ཞིབ་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག