མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཁྱིམ་གྱི་ཁ་གསབ་རོགས་དངུལ་ཇེ་མཐོ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-03-08 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་་ལྗོངས་ཀྱིས་ད་ལོ་སླར་ཡང་གྲོང་གསེབ་ཀྱི་འགན་ལེན་ལྔའི་ཁྱིམ་ཚང་གསོ་ཉར་གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས། མི་རེར་ལོ་རེར་སྒོར2600ནས་མི་རེར་ལོ་རེར་སྒོར2900བར་མང་དུ་བཏང་ཡོད་པ་རེད། དེ་དང་དུས་མཚུངས་སྤྱི་ལོ2013ལོར་བོད་ལྗོངས་ཀྱིས་འགན་ལེན་ལྔ་གཅིག་བསྡུས་ཐོག་གསོ་ཉར་དང་། དྭ་ཕྲུག་གཅིག་བསྡུས་ཐོག་གསོ་ཉར་བྱེད་པའི་གཅེས་སེམས་ལས་གྲྭ་ཁྱོན་ཡོངས་ནས་འགོ་བཙུགས་ཏེ། སྒོར་དུང་ཕྱུར20ལྷག་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ལོ་གསུམ་གྱི་འབད་ཐབས་དམིགས་ཚད་བཟོས་ནས་སྤྱི་ལོ2015ལོར་སླེབས་སྐབས། ལྗོངས་ཡོངས་ཀྱི་དྭ་ཕྲུག་གཅིག་བསྡུས་ཐོག་ས་ཁུལ(གྲོང་ཁྱེར)རིམ་པ་ཡན་གྱི་དྭ་ཕྲུག་ཁང་ནང་གསོ་ཉར་བྱེད་ཚད100% ཟིན་པ་བྱ་རྒྱུ་དང་། སྤྱི་ལོ2016ལོར་སླེབས་སྐབས་འགན་ལེན་ལྔ་བྱེད་ཡུལ་རྫོང་ཡན་དུ་གཅིག་བསྡུས་གསོ་ཉར་བྱེད་ཚད100ཟིན་པ་བྱ་རྒྱུ་ཡིན་པ་རེད། ད་ལོ་རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་འགན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ། འགན་ལེན་ལྔའི་གསོ་ཉར་ལས་ཁུངས20 གསར་འཛུགས་དང་གཅིག་བསྡུས་ཐོག་གསོ་ཉར་བྱེད་པའི་ཚད་གཞི་མཐོ་རུ་གཏོང་བ་དང་དུས་མཚུངས། ས་ཁུལ་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གསར་འཛུགས་དང་རྒྱ་སྐྱེད་བཏང་ཏེ། མུ་མཐུད་དེ་དྭ་ཕྲུག་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག