མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཁྱབ་པའི་ནགས་ཚལ་ཐོན་ཁུངས་ལ་བརྟག་དཔྱད་སྐོར་གཉིས་པ་བྱེད་པའི་བྱ་བ་ལེགས་འགྲུབ་འབྱུང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-07 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ལྗོངས་ཡོངས་ཀྱི་རྫོང74ལ་ཁྱབ་པའི་ནགས་ཚལ་ཐོན་ཁུངས་ལ་བརྟག་དཔྱད་སྐོར་གཉིས་པ་བྱེད་པའི་བྱ་བ་ཕྱོགས་བསྡོམས་དང་། བསྡོམས་རྩིས། དབྱེ་ཞིབ་བྱེད་པའི་དུས་རིམ་ལ་སླེབས་ཡོད་དེ། ཚོད་རྩིས་ལྟར་ན་ད་ལོའི་ཟླ7པར་བརྟག་དཔྱད་གཞི་གྲངས་གསར་སྒྱུར་བྱེད་པའི་བྱ་བ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་རེད།

རང་སྐྱོང་ལྗོངས་ནགས་ལས་ཐིན་ནགས་སྲིད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཅ་ཕིན་གྱིས་ངོ་སྤྲོད་ལྟར་ན། 2012ལོར་ནགས་ལས་སྡེ་ཁག་གིས་དུས་རིམ་དང་པོའི་ལྗོངས་ཡོངས་ཀྱི་ནགས་ཁུལ་རྫོང30ཡི་ནགས་ཚལ་ཐོན་ཁུངས་ལ་བརྟག་དཔྱད་སྐོར་གཉིས་པ་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། 2013ལོར་ལྗོངས་ཡོངས་ཀྱི་སྡོང་ཕྲན་ནགས་ཚལ་ལ་དམིགས་ཏེ་དུས་རིམ་གཉིས་པའི་བརྟག་དཔྱད་སྐོར་གཉིས་པ་བྱེད་པའི་བྱ་བ་སྤེལ་བ་དང་། མིག་སྔར་བརྟག་དཔྱད་གཞི་གྲངས་ལ་བསྡོམས་རྩིས་དང་དབྱེ་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

སྔར་ཡོད་ཀྱི་གཞི་གྲངས་ལྟར་ན། བོད་ལྗོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1783.64ཡོད་ཅིང་། དེའི་ནང་ནགས་ཚལ་རྒྱ་ཁྱོན82.50%ཟིན། ཤིང་གསོན་པོའི་གསོག་ཉར་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར23ཟིན་པ་དང་། དེའི་ནང་ནགས་ཚལ་གསོག་ཉར98.86%བཅས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག