མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་བསྟུད་མར་ལོ11ལ་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-07 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2013ལོར་བོད་ལྗོངས་ཀྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར6578ལ་སླེབས་ཤིང་། 15%འཕར་ཡོད་དེ་བསྟུད་མར་ལོ11ལ་གྲངས་གནས་གཉིས་ཀྱི་སྒོ་ནས་འཕར་སྣོན་བྱུང་བཞིན་ཡོད།

བོད་ལྗོངས་ཀྱི་རོང་འབྲོག་པའི་མི་གྲངས་དེ་མི་གྲངས་སྤྱི་ཡི80%ཡན་ཟིན་ཡོད་ཅིང་། རོང་འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་ལས་འགན་གཙོ་བོ་རུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་། གཞི་གྲངས་ལྟར་ན། ན་ནིང་བོད་ལྗོངས་ཀྱིས་བསྡོམས་པས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར160.5དངོས་འབེབས་བྱས།

འདས་ཟིན་པའི་ལོ་གཅིག་རིང་། བོད་ལྗོངས་ཀྱིས་གློག་མེད་པའི་ས་ཁུལ་དུ་གློག་འཐེན་པའི་གནད་དོན་ཐག་གཅོད་བྱས་ཤིང་། རོང་འབྲོག་པའི་འཐུང་ཆུ་བདེ་འཇགས་གནད་དོན་ཕལ་ཆེར་ཐག་བཅད་ལ། སྲིད་འཛིན་གྲོང་ཚོ1000ཡི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། དབུལ་ཕོངས་མི་གྲངས་ཁྲི12.8ཇེ་ཉུང་དུ་བཏང་། དེ་མིན་བསྟུད་མར་ལོ8ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར280བཏང་སྟེ་རོང་འབྲོག་པའི་བདེ་སྡོད་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། ལྗོངས་ཡོངས་ཀྱི་རོང་འབྲོག་པ་མི་ཁྲི30ལྷག་བདེ་འཇགས་ཡིན་ལ་གོ་ཆོད་པའི་ཁང་བའི་ནང་དུ་གནས་སྤར།

རོང་འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བའི་བྱ་བར་དམིགས་ཏེ། ད་ལོར་བོད་ལྗོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐོན་ལས་ཚོང་གཉེར་ཡོང་སྒོ་ཇེ་མཐོར་གཏོང་བ། ངལ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཞིང་ལས་ལས་གཞན་གྱི་གླ་ཕོགས་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་བཅས་ཀྱི་བསམ་འཆར་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག