མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དཔའ་ཤོད་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལས་དོན་སྣ་ཚོགས་ནན་ཏན་གྱིས་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-03-06 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་གིས་མང་ཚོགས་ལ་ཞབས་ཞུ་བྱེད་རྒྱུ་གཙོ་བོར་འཇོག་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཞབས་ཞུ་གནད་ལ་འཁེལ་བ་བཅས་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཧུར་ཐག་གིས་སྤེལ་བཞིན་ཡོད།

དཔའ་ཤོད་རྫོང་གི་རིམ་པ་ཁག་གི་ལས་བྱེད་པ་རྒྱུན་དུ་གཞི་རིམ་ལ་ཟབ་ཞུགས་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ལ་རྒྱུས་ལོན་བྱས་ཐོག གཞི་རིམ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོ། ཚན་ཁག་གི་འགན་ནུས་བཅས་དང་ཟུང་འབྲེལ་བྱེད་པ་དང་། རྫོང་དེས་ཚན་རྩལ་དང་རིག་གནས། ཆ་འཕྲིན། ཞབས་ཞུ་འདོན་སྤེལ་དང་དྲོད་སྐྱིད་མཚོན་པ་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་གྱིས་སྤེལ་བར་མ་ཟད། མ་དངུལ་དང་རྣམ་གྲངས། ཆ་འཕྲིན་སོགས་ཐད་ནས་ཞབས་ཕྱི་སྒྲུབ་པ་དང་གཞི་རིམ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་དཀའ་གནད་ཆེན་པོ་ཐག་གཅོད་བྱེད་རོགས་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་མང་ཚོགས་ལ་ཕན་འདོགས་པ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། གཅིག་གྱུར་འཆར་འགོད་བཅས་བྱས་ནས་དམངས་འཚོའི་ཐད་ཀྱི་མངོན་གསལ་ཡིན་པའི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག