མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་སྟོན་དུས་བོད་ལྗོངས་ཀྱིས་སློབ་གསོའི“འགན་སྲུང་གསུམ”གྱི་གྲོན་དངུལ་ཇེ་མཐོར་གཏོང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྟོན་དུས་ནས་བཟུང་། བོད་ལྗོངས་ཀྱིས་སློབ་གསོའི“འགན་སྲུང་གསུམ”གྱི་གྲོན་དངུལ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་ལ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་རྨང་གཞི་སྟེང་སློབ་མ་རེར་ལོ་རེར་སྒོར200རེ་སྟེར་རྒྱུ་གཏན་ཁེལ་བྱས། སློབ་གསོའི“འགན་སྲུང་གསུམ”གྱི་གྲོན་དངུལ་ཇེ་མཐོར་བཏང་རྗེས་ཀྱི་ཚད་གཞི་ནི། ས་ཁུལ་སྐོར་ཁག་གཉིས་པོའི་སློབ་མ་རེར་སྒོར2800རེ་དང་། ས་ཁུལ་སྐོར་ཁག་གསུམ་པའི་སློབ་མ་རེར་སྒོར2900རེ། ས་ཁུལ་སྐོར་བཞི་བའི་སློབ་མ་རེ་སྒོར3000རེ་བཅས་སྟེར་རྒྱུ་ཡིན་པ་དང་། སློབ་གསོའི“འགན་སྲུང་གསུམ”གྱི་གསར་སྣོན་འགྲོ་གྲོན་ཡོད་ཚད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག