མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་ལོ་སར་སྐབས་སུ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་མང་པོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:47

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས2ཉིན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་མང་པོ་སྤེལ་ཏེ། 《བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་དར་གོས་འགྲེམ་སྟོན》ཆེད་དུ་སྤེལ་བར་བརྒྱུད་དེ། ལྷ་སའི་གྲོང་མི་རྣམས་དང་གནས་སྐོར་བ་རྣམས་ལ་ལོ་སར་གྱི་ཁྱད་ཆོས་ལྡན་ཤིང་བརྗོད་དོན་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

 རྒྱུས་ལོན་པ་ལྟར་ན། ལུགས་རྙིང་གི་ལོ་སར་སྐབས་སུ་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་ལས་མི་མང་པོའི་ཡིད་དབང་བཀུག་ཏེ་ལྟད་མོ་ལྟ་བར་ཕེབས་པ་དང་། ཐེངས་འདིའི་བོད་ཤིང་རྟ་ལོའི་ལོ་སར་སྐབས་སུའང་། ཤིང་བརྐོས་བཀྲ་ཤིས་རི་མོ་པར་སྐྲུན་དང་། བྱ་དགའ་ཡོད་པའི་ཤེས་བྱ་འགྲན་བསྡུར། བོད་ལྗོངས་སྲོལ་རྒྱུན་གྱི་རོལ་རྩེད། བོད་ཟས་བཅས་ལ་རོལ་མྱོང་བྱེད་པའི་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་རབ་དང་རིམ་པ་མུ་མཐུད་དུ་སྤེལ་རྒྱུ་རེད།

 རྒྱུས་ལོན་ལྟར་ན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་ལོ་སར་གྱི་དམངས་སྲོལ་རིག་གནས་བྱ་འགུལ་རབ་དང་རིམ་པ་དང་དེ་ཟླ3པའི་ཚེས7ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་སྤེལ་བའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་དུས་ཚོད11:00ནས12:30བར་དང་། ཕྱི་དྲོའི་དུས་ཚོད15:00ནས་16:30བར་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག