མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-03-03 15:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་བསྡོམས་རྩིས་ཅུའུ་ཡི་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། 2013ལོར་བོད་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར918.48ལེགས་འགྲུབ་བྱུང་ཞིང་། དུས་མཉམ་ལས29.4%འཕར་ཡོད་དེ། འཕར་ཚད་ཐོག་དང་པོར་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་བ་རེད།

སྲིད་གཞུང་གིས་བཏོན་པའི་ཡིག་ཆ་ལྟར་ན། མ་འོངས་བའི་ལོ་འགའི་ནང་། བོད་ལྗོངས་ཀྱིས་མུ་མཐུད་དུ་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བྱ་བ་ཤུགས་བསྣན་ཏེ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་གཙོ་བོར་འཛིན་རྒྱུ་ཡིན་ལ། དེའི་ནང་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ཁོ་ནར2020ལོའི་བར་དུ་མ་དངུལ་སྒོར་དུང་ཕྱུར200གཏོང་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི11ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག