མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རིགས་མང་ཚོགས་ཚོས་ཤམ་བུ་བརྗེས་ནས་ལོ་སར་བསུས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-03-03 15:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས28ཉིན་ནི་བོད་ཟླ12པའི་ཚེས29ཉིན་ཡིན་པ་དང༌། བོད་རིགས་མང་ཚོགས་ཀྱི་ཁྱིམ་ཚང་ཚང་མས་སྒོ་དང་། སྒེ་ཁུང་གི་ཤམ་བུ་གསར་པ་བརྗེས་ནས་གནམ་ལོ་གསར་བར་བསུ་བ་ཞུ་གི་ཡོད་པ་རེད། ཀརྨ་དགོན་གསར་དུ་ཡོད་པའི་ཕུན་ཚོགས་ཀྱིས་ཁང་པར་དུ་ཕྱག་བརྒྱབ་པ་མ་ཟད་སྒོ་དང་སྒེ་ཁུང་ལ་ཤམ་བུ་གསར་པ་བརྗེས་པ་རེད། སྒོ་དང་སྒེ་ཁུང་ཐོག་ཤམ་བུ་གསར་པ་བརྗེ་བའི་ལས་ཀ་ནི་ལོ་གསར་གོང་ངེས་པར་དུ་བྱེད་དགོས་པའི་ལས་ཀ་ཞིག་རེད། བོད་ཀྱི་ལོ་སར་སླེབས་གྲབས་ཡོད་པ་དང་སྦྲགས་མཚོ་སྒྲོན་ཤམ་བུ་ལས་སྣོན་ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པ་དང༌། ལས་བྱ་ཚོས་ལས་ཀའི་དུས་ཚོད་རིང་དུ་བཏང་ནས་ཤམ་བུ་བཟོ་བ་དང༌། བཟོ་ལྟ་དང་ཚོན་རིས་སྣ་ཚོགས་ཀྱི་ཤམ་བུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

བོད་ཀྱི་ལོ་སར་སླེབས་གྲབས་ཡོད་པའི་སྐབས་སུ་སྒོ་དང་། སྒེ་ཁུང་ཐོག་ཤམ་བུ་གསར་པ་བརྗེ་པོ་རྒྱག་པ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ཤིག་ཡིན་པ་དང༌། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པའི་སྒོ་དང་། སྒེ་ཁུང་ཐོག་ཤམ་བུ་དེ་ཚོ་སིལ་སིལ་རླུང་བུ་ལྡང་བ་དང་ཆབས་ཅིག་ལྷབ་ལྷུབ་ཏུ་གཡོ་བས། བོད་ཀྱི་ལོ་སར་གྱི་མཛེས་རྒྱན་ཤིག་ཏུ་གྱུར་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག