མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚུར་ཕུ་དགོན་པས་འཆམ་འཁྲབ་ནས་ལོ་གསར་པ་བསུས་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-03 15:35

མཚུར་ཕུ་དགོན་པའི་འཆམ།(རྒྱུ་ཆའི་པར་རིས།)

 མཚུར་ཕུ་དགོན་པའི་འཆམ།(རྒྱུ་ཆའི་པར་རིས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ2པའི་ཚེས28ཉིན་ནི་བོད་ཟླ12པའི་ཚེས29ཡིན་ལ། བོད་བརྒྱུད་ནང་བསྟན་ཀརྨ་བཀའ་རྒྱུད་གྲུབ་མཐའི་མ་དགོན་མཚུར་ཕུ་དགོན་པར་འཆམ་འཁྲབ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ནས། གདོན་བགེགས་མཐར་བསྐྲོད་དང་། བདེ་ལེགས་བསུ་བའི་ཆོ་ག་བྱས་པ་དང་ཆབས་ཅིག་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་བསྔོ་སྨོན་ཞུས་ཡོད་པ་རེད། འཆམ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཞབས་བྲོའི་རིགས་ཤིག་ཡིན་ཞིང་། བོད་དུ་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཁག་ཟིན་སྐབས། དགེ་འདུན་པ་རྣམས་ནས་ལུས་ལ་འཆམ་གོས་དང་ཞལ་འབག་གྱོན་ཞིང་། དུང་ཆེན་དང་རྔ་སྦུབ་ཀྱི་རམ་འདེགས་འོག་རྔམ་བརྗིད་ལྡན་པའི་འཆམ་འཁྲབ་ཀྱི་ཡོད། ལོ་ལྟར་བོད་ཟླ12པའི་ཚེས9ཉིན་མཚུར་ཕུ་དགོན་པའི་དགེ་འདུན་པ་རྣམས་ནས་གདོན་བགེགས་མཐར་བསྐྲོད་བརྗོད་བྱ་གཙོ་བོར་བཟུང་བའི་འཆམ་འཁྲབ་ཀྱི་ཡོད་པ་རེད། 

མཚུར་ཕུ་དགོན་པའི་འཆམ།(རྒྱུ་ཆའི་པར་རིས།)

མཚུར་ཕུ་དགོན་པའི་འཆམ།(རྒྱུ་ཆའི་པར་རིས།)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག