མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་རྣམ་གྲངས་ཀྱི་གྲངས་འབོར་དང་མ་དངུལ་གྱི་གྲངས་འབོར་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-03 15:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ཞིང་འབྲོག་ཚན་རྩལ་ལས་དོན་གྲོས་ཚོགས་ཐོག་ནས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2013ལོར་བོད་ཀྱིས་ཞིང་འབྲོག་ཚན་རྩལ་རྣམ་གྲངས200དོན་འཁྱོལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར1.7698དོན་འཁྱོལ་བྱས་ཤིང་གཉིས་ཀ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སྐྲུན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2013ལོར་ཞིང་འབྲོག་ཚན་རྩལ་རྣམ་གྲངས་མང་པོའི་སྐུལ་ཁྲིད་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་ནས་འཕར་སྣོན་མགྱོགས་པོ་བྱུང་ཡོད་པ་རེད།

གྲངས་གཞི་ལས་གསལ་བར། སྤྱི་ལོ2013ལོར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དངོས་སྒོར6520ཟིན་པ་དང14%འཕར་སྣོན་བྱུང་ནས་ལོ11བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2014ལོར་བོད་ཀྱིས་ཞིང་འབྲོག་ཚན་རྩལ་གསར་སྐྲུན་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས་ཞིང་ལས་ལོ་ཏོག་དང་ཕྱུགས་རིགས་དང་བྱ་རིགས། ལྡུམ་རའི་སྐྱེ་དངོས། ཕྱུགས་རྩའི་སོན་རིགས་གསར་པ་གསོ་སྤེལ་གྱི་ཚན་ཞིབ་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ནད་སོན་ཨང2000ཞེས་པའི་སོན་གསར་པ་མུའུ377300ཁྱབ་གདལ་གཏོང་རྒྱུ། མུའུ1000ཟིན་པའི་སྒྲིག་བཀོད་ལྡུམ་རའི་ལས་ཆོད་མཐོ་བའི་ཐོན་སྐྱེད་ཚན་རྩལ་དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་སོགས་ཀྱི་བྱ་ཐབས་མང་པོ་བཟུང་ནས་བོད་ཀྱི་དེང་རབས་ཞིང་འབྲོག་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་ལྡན་གྱི་ཚན་རྩལ་འདེགས་སྐྱོར་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག