མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས2014ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་སྤེལ་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-02-28 12:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་སྔ་དྲོ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དང་། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་སྒྲུབ་བྱས་པའི2014ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་དེ་ཉིང་ཁྲི་ས་ཁུལ་གྱི་ཞ་མིན་ཐང་ཆེན་ནས་སྤེལ་བ་རེད།

བྱ་འགུལ་སྤེལ་སའི་ཡུལ་དངོས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་གྲགས་པ་དང་མཉམ་དུ། སྒེར་གླུ་དང་། རྡུང་ལེན། མི་རིགས་ཀྱི་ཞབས་བྲོ་སོགས་བརྗོད་སྙིང་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་མང་ཅན་གྱི་རིག་རྩལ་ལེ་ཚན་གོ་རིམ་བཞིན་འཁྲབ་སྟོན་བྱེད་འགོ་བརྩམས། ས་ཁུལ་གྱི་མི་རིགས་སྒྱུ་རྩལ་ཚོགས་པ་དང་ཉིང་ཁྲི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣས་དུས་ཆེན་གྱི་རྒྱན་གོས་གྱོན་ཏེ། ས་གནས་དེའི་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་སྤྱན་ལམ་དུ་འབུལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག