མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འགྲིམ་འགྲུལ་འཛུགས་སྐྲུན་ལོ་ངོ་གསུམ་གྱི་མཁྲེགས་གཏོར་ལས་འགོ་བཟང་པོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-25 11:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འགྲིམ་འགྲུལ་གྱི་མཁྲེགས་གཏོར་འཕེལ་རྒྱས་ཀྱི་ལོ་ངོ་དང་པོ་ཡིན།ལོ་འདིའི་རིང་ལ།རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀས་ཚན་རིག་དང་མཐུན་པའི་འཆར་འགོད་དང་གཙོ་བོ་འབུར་དུ་ཐོན་པ།རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་པ།གོམ་རིམ་བགོས་ནས་སྐུལ་འདེད་གཏོང་བའི་རྩ་དོན་ལྟར།བསམ་བློ་གཅིག་གྱུར་བྱེད་པ་དང་སེམས་ཤུགས་གོང་བུར་འགྲིལ་ཏེ་སྟོབས་ལྡན་ངང་ལས་ཀ་ཁག་བསྒྲུབས་པས།ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ལོ་ངོ་གསུམ་གྱི་མཁྲེགས་གཏོར་འཕེལ་རྒྱས་ལ་འགོ་བཟང་པོ་ཞིག་ཚུགས་རྒྱུ་མངོན་འགྱུར་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།2013ལོར།ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ལམ་ཐག་ནི་སྤྱི་ལེ་5542ཡིན་ལ།ཁུལ་ཡོངས་སུ་གསར་དུ་བསྐྱར་བཟོ་བྱས་པའི་གཞུང་ལམ་སྤྱི་ལེ་665.37ཡོད།དེའི་ནང་།རྒྱལ་ལམ་བསྐྱར་བཟོ་སྤྱི་ལེ་155བྱས་པ་དང་ཞིང་ཆེན་གཞུང་ལམ་བསྐྱར་བཟོ་སྤྱི་ལེ་263བྱས་པ།རྫོང་དང་ཤང་གི་གཞུང་ལམ་བསྐྱར་བཟོ་སྤྱི་ལེ་123.8བྱས་པ།ཤང་དང་གྲོང་སྡེའི་གཞུང་ལམ་བསྐྱར་བཟོ་སྤྱི་ལེ་123.57བྱས་པ།འགྲུལ་སྐྱེལ་ས་ཚིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་10ཡོངས་སུ་གྲུབ་པ་རེད།

ལོ་ཡོངས་སུ་འགྲིམ་འགྲུལ་གྱི་གཏན་འཇོག་རྒྱུ་ནོར་སྒོར་དུང་ཕྱུར་23.0073ཡོངས་སུ་གྲུབ་ཅིང་།དེ་ནི་སྲིད་གཞུང་གི་དཔྱད་ཞིབ་དམིགས་ཚད་སྒོར་དུང་ཕྱུར་15.5ཡི་148.4%ཡིན་པ།ལོ་ཡོངས་སུ་གཞུང་ལམ་ཡུལ་སྐོར་བའི་འཁོར་རྒྱུག་ཚད་ཁྱོན་བསྡོམས་མི་སྤྱི་ལེ་ཁྲི་84386ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་11.8%འཕར་ཡོད་པ་དང་།གཞུང་ལམ་ཐོག་དངོས་ཟོག་འཁོར་རྒྱུག་ཚད་ཏུན་སྤྱི་ལེ་ཁྲི་429812.3་ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་18.3%འཕར་ཡོད་པ།ཆུ་ལམ་ཐོག་གི་འགྲུལ་སྐྱེལ་ཚད་མི་ཐེངས་ཁྲི་224.5ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་18.9%འཕར་ཡོད་པ།ཆུ་ལམ་ཐོག་གི་དངོས་ཟོག་སྐྱེལ་འདྲེན་ཚད་ཏུན་ཁྲི་18ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་2%འཕར་ཡོད་པ།གསོ་སྦྱོང་བྱས་ནས་གཞུང་ལམ་གྱི་འགྲིམ་འགྲུལ་ལས་ཞུགས་ཐོབ་ཐང་ལག་ཁྱེར་མི་2561ལ་འགྲེམས་པ་དང་ཁ་ལོ་བ་མི་ཐེངས་3943ལ་གསོ་སྦྱོང་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག