མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བོད་ཀྱི་གསོ་རིག་འཛམ་གླིང་ཤུལ་བཞག་རིག་དངོས་མིང་ཐོ་གྲས་སུ་ཚུད་པར་སྙན་ཞུ་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-25 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན།  བོད་ཀྱི་གསོ་རིག་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་གཟིགས་འདུས་ཤུལ་བཞག་རིག་དངོས་མིང་ཐོ་གྲས་སུ་ཚུད་པའི་སྙན་ཞུ་དང་།  བརྙན་ཕབ་སོགས་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་བ་མ་ཟད།  དངོས་སུ་རིག་གནས་པུའུ་ལ་སྙན་ཞུ་ཕུལ།

 བོད་ཀྱི་གསོ་རིག་གངས་རིའི་ལྗོངས་ཏུ་དར་ནས་ལོ་ངོ2300ལྷག་གི་ལོ་རྒྱུས་ལྡན་ལ།  མིག་སྔར་ཀྲུང་གོ་ནས་ཆེས་ཆ་ཚང་ཡིན་པ་དང་ཤུགས་རྐྱེན་ཐེབས་པ་ཆེས་ཆེ་བའི་མི་རིགས་གསོ་རིག་ཅིག་རེད།  དེར་ཆ་ཚང་ཡིན་པའི་རིག་གཞུང་མ་ལག་དང་ཕུན་སུམ་ཚོགས་པའི་ནད་ཐོག་ལག་ལེན་ལྡན་པས།  བོད་ཀྱི་གསོ་རིག་དང་ཀྲུང་ལུགས་གསོ་རིག  གནའ་བའི་རྒྱ་གར་གྱི་གསོ་རིག   གནའ་བའི་ཨ་ལ་པའོ་གསོ་རིག་བཅས་ལ་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་མོ་བཞི་ཞེས་མིང་དུ་གྲགས།

བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ཤུལ་བཞག་རིག་གནས་ཁང་གི་འགོ་གཙོ་སྐྱིད་སྐྱིད་ཀྱིས་བོད་ཀྱི་གསོ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་མི་རིགས་གསོ་རིག་གི་འཐུས་ཚབ་ཡིན་པ་དང་།  དུས་ཡུན་རིང་བའི་ལོ་རྒྱུས་དང་།  ཆ་ཚང་ཡིན་པའི་རིག་གཞུང་མ་ལག  ཐུན་མོང་མ་ཡིན་པའི་སྨན་བཅོས་ནུས་པ་སོགས་ལྡན་པས་ཀུན་གྱི་དོ་སྣང་བྱེད་ཀྱིན་ཡོད་ལ།  བོད་ཀྱི་ལོ་རྒྱུས་དང་རིག་གནས།  ཆོས་ལུགས།  དམངས་སྲོལ་སོགས་རིག་ཚན་ཞིབ་འཇུག་བྱེད་པའི་ཤུལ་བཞག་རྩ་ཆེན་ཡིན་ཞེས་བསྟན།

རྒྱུས་ལོན་པ་ལྟར་ན།  བོད་ཀྱི་ཟློས་གར་དང 《གེ་སར་རྒྱལ་པའི་སྒྲུང》བཅས2009ལོར་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་གྲས་སུ་ཚུད་པ་དང་།  བོད་ལྗོངས་ཏུ་གཟིགས་འདུས་ཤུལ་བཞག་རིག་གནས་འཛམ་གླིང་གི་གཟིགས་འདུས་ཤུལ་བཞག་རིག་གནས་མིང་ཐོ་གྲས་སུ་བཞག་མེད་པའི་སྟོང་ཆ་སྐོང་།  གཞན་ད་དུང་བོད་ལྗོངས་ནས་རྒྱལ་ཁབ་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་དངོས76དང་།  རང་སྐྱོང་ལྗོངས་རིམ་པའི་གཟིགས་འདུས་ཤུལ་བཞག་རིག་དངོས323བཅས་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག