མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ་བཅུ་གཉིས་བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-02-24 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པ་བཅུ་གཉིས་བསྡུ་རྒྱུ་ཡིན་ལ། དེས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པ་གསོ་སྐྱོང་བྱེད་པའི་སྟོང་ཆ་བསྐངས་པ་རེད།

བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་ཕུར་བུ་ཚེ་རིང་གིས་བཤད་རྒྱུར། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ལྗོངས་སློབ་ཆེན་ནི་འབུམ་རམས་པའི་སློབ་གནས་ཐོབ་པའི་སྡེ་ཁག་ཏུ་གཏན་འཁེལ་བྱས་ཤིང་། མི་རིགས་རིག་པ་དང་། ཀྲུང་གོའི་རྩོམ་རིག སྐྱེ་ཁམས་རིག་པ་བཅས་ནི་འབུམ་རམས་པའི་སློབ་གནས་ཐོབ་པའི་རིམ་པ་དང་པོའི་རིག་ཚན་གསུམ་ཡིན་ལ། བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་སློབ་གནས་ཐོབ་པ་མངོན་འགྱུར་བྱུང་ཞིང་། དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་བཅས་ཆ་ཚང་ཞིང་རིམ་པ་མང་བའི་མཐོ་རིམ་སློབ་གསོའི་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་གྲུབ་ཡོད་ཟེར།

ཐེངས་འདིར་མི་རིགས་རིག་པ་དང་། ཀྲུང་གོའི་རྩོམ་རིག སྐྱེ་ཁམས་རིག་པ་བཅས་རིག་ཚན་རེ་རེར་མི་བཞི་རེ་བསྡུ་འཆར་ཡོད་ཅིང་བསྡོམས་པས་མི་བཅུ་གཉིས་བསྡུ་རྒྱུ་ཡིན་པ་དང་། དྲ་ཐོག་ཐོ་འགོད་དུས་ཚོད་ནི་ཟླ2པའི་ཚེས28བར་ཡིན་ལ། རྒྱུགས་ལེན་སློབ་མས་བོད་ལྗོངས་སློབ་ཆེན་གྱི་དྲ་ངོས་དང་ཡང་ན་ཞིབ་འཇུག་སློབ་མ་ཁྲུའུ་ཡི་དྲ་ངོས་ཀྱི་བོད་ལྗོངས་སློབ་ཆེན་འབུམ་རམས་པའི་དྲ་ཐོག་ཐོ་འགོད་མ་ལག་ཏུ་ཐོ་འགོད་བྱས་ཆོག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག