མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལོ་སར་གྱི་དངོས་ཟོག་ཉོ་སྒྲུབ་དུས་ཆེན་མི་འགྱངས་བར་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-24 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྔར་ལས་ལྷག་པར་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་།  དམངས་འཚོའི་ཚོང་དོན་གསར་སྐྲུན་བྱས་ཏེ།  དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་འགྲོ་ཆེད།  བོད་ལྗོངས་སྨྱན་བྱད་སྡེ་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་དང་མཉམ་འབྲེལ་བྱས་ནས་ལྷ་ས་གྲོང་ཁྱེར་དུ་སྐབས་དང་པོའི“བོད་ལུགས་ལོ་སར་གྱི་དངོས་ཟོག་ཉོ་སྒྲུབ་དུས་ཆེན”སྤེལ་རྒྱུ་རེད།  ཐེངས་འདིའི་བྱ་འགུལ་ལས་བོད་ལུགས་ལོ་སར་སྐབས་ཀྱི་གུང་གསེང་ལ་བརྟེན་ནས།  ཁེ་ལས་སོ་སོའི་ཕྱི་ཚོང་ཚོང་ཁང་དག་སྟེགས་བུ་བྱེད་པ་དང་།  ལས་རིགས་སོ་སོ་རུ་ཕྱི་ཚོང་བྱེད་པའི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པས།  རྒྱ་ཆེའི་འཛད་སྤྱོད་པར་རིན་གོང་བདེ་ཞིང་།  འཛད་སྤྱོད་བྱེད་པའི་ཁོར་ཡུག་རྒྱ་ཆེ་བ།  མཉམ་འབྲེལ་དང་བརྗེ་རེས་བྱེད་པར་སྟབས་བདེ་ཡིན་པའི་མཐུན་རྐྱེན་སྐྲུན་པ་བརྒྱུད།  དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་རྒྱུ་རེད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  མིག་སྔར་བྱ་འགུལ་ཇུས་གཞི་ལ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་།   བོད་ལུགས་ལོ་སར་གྱི་དངོས་ཟོག་ཉོ་སྒྲུབ་དུས་ཆེན་སྐབས་སུ་ནུས་ཤུགས་ཡོད་ཚད་སྤྱད་དེ་ཁེ་ལས་ཀྱི་རྣམ་པ་འགྲེམ་སྟོན་བྱེད་པ་དང་།  ས་གནས་ཀྱི་ཁྱད་ལྡན་ཐོན་ལས་དྲིལ་བསྒྲགས་བྱེད་པ།  འཛད་སྤྱོད་ཀྱི་དགོས་མཁོ་ལ་བསྟུན་ཅི་ཐད་བྱེད་པའི་སྟེགས་བུ་ཞིག་གསར་སྐྲུན་བྱས་པ་བརྒྱུད།  ཚོང་ཟོག་སྣ་ཁ་ཆ་ཚང་ཡིན་པ་དང་རིན་གོང་བདེ་བ།  རྒྱུ་སྤུས་ལེགས་པའི་དུས་ཆེན་གྱི་འཛད་སྤྱོད་ཁོར་ཡུག་ཞིག་གསར་སྐྲུན་བྱེད་རྒྱུ་རེད།

ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་བོད་ལྗོངས་ཚོང་ཟོག་ཚོགས་པར།  བོད་ལྗོངས་ལག་འཕྲིན་ཚགས་པར་དྲ་བ་བཅས་ཀྱིས་དུས་ལྟར་བྱ་འགུལ་སྤེལ་བའི་ཉིན་རེར་གྲོས་ཐོ་བཀོད་སྒྲིག་དང་།  ཚོང་ཟོག་གི་རིན་གོང་སོགས་ཁྱབ་བསྒྲགས་བྱེད་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག