མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མ་དངུལ་དུང་ཕྱུར6བཀོད་སྒྲིག་བྱས་ཏེ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ31གསར་སྐྲུན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-24 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནན།  ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧའོ་ཞིན་ཧྲིན་གྱིས་ཟླ1པའི་ཚེས18ཉིན་ལྗོངས་ཡོངས་ཀྱི་ཞིང་ལས་དར་སྤེལ་དབུལ་སྐྱོར་བྱ་བའི་གྲོས་ཚོགས་སྟེང་བཤད་རྒྱུར།  2013ལོར།  བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་མ་དངུལ་སྒོར་དུང་ཕྱུར6.01བཀོད་སྒྲིག་བྱས་ནས།  ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ31གསར་སྐྲུན་བྱེད་རྒྱུ་ཡིན་པ་དང་།  ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་འཛུགས་སྐྲུན་ཚད་གཞི་མཐོ་ཞིང་།  ཐོན་ལས་རྒྱབ་སྐྱོར་ལེགས་པའི་ཁྱད་ཆོས་ཞིག་མངོམ།

2013ལོར།  བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་ཧུར་ཐག་སྒོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་དེང་རབས་ཞིང་ལས་དར་སྤེལ་བྱེད་པ་སོགས་ལ་སྐུལ་འདེད་བྱས་པ་བརྒྱུད།  སྔར་ལས་ལྷག་པར་ཞིང་ཕྱུགས་ལས་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་བྱས་པས།  གསར་སྤེལ་ཁུལ་དུ་འབྲུ་རིགས་སྤྱི་རྒྱ་ཁྲི924.96དང་།  སྣུམ་རྒྱུ་སྤྱི་རྒྱ་ཁྲི107.62།  རྩྭ་སྐྱ་སྤྱི་རྒྱ་ཁྲི2013.7།  སྤུས་ལེགས་གཟན་རྩྭ་སྤྱི་རྒྱ་ཁྲི851.5དང་སྔོ་ཚོད་སྤྱི་རྒྱ་ཁྲི391.15བཅས་འཕར་སྣོན་བྱུང་།

ཧའོ་ཞིན་ཧྲིན་གྱིས2014ལོར་འཆར་གཞི་ལྟར་མ་དངུལ་སྒོར་དུང་ཕྱུར6.6བཀོད་སྒྲིག་བྱས་ཏེ།  ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ34དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ས་མུའུ་ཁྲི47། ཚན་རྩལ་དཔེ་སྟོན་ཁྱབ་སྤེལ་ས་མུའུ་ཁྲི10བཅས་གསར་སྐྲུན་བྱེད་རྒྱུ་ཡིན་པ་ལས་གཞན།  ཞིང་ཕྱུགས་ལས་ཕྱོགས་ཀྱི་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི6ལ་སྤེལ་རྒྱུ་དང་།  རྒྱལ་ཁབ་ཐོན་ལས་ཅན་གྱི་ཚོང་གཉེར་ནོར་སྲིད་ཁ་གསབ་རྣམ་གྲངས36་དང་རང་སྐྱོང་ལྗོངས་ཐོན་ལས་ཅན་གྱི་ཚོང་གཉེར་ནོར་སྲིད་ཁ་གསབ་རྣམ་གྲངས19བཅས་ཡོད་པ་མཚམས་སྦྱོར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག