མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་བོད་སྐད་ཡིག་གི་སློབ་གསོ་ཁྱབ་གདལ་དུ་བཏང་སྟེ་ཁྱོན་ཡོངས་སུ་ཕ་སྐད་ལ་སྲུང་སྐྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2014-02-23 11:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་སྡེ་བའི་བུ་བཅོལ་ཁང་གི་ཕྱི་ཚོ་རུ། ལོ་ན66ཡིན་པའི་བོད་རིགས་རྒན་པ་མཇའ་དབྱངས་འཚོ་འཛོམས་ཀྱིས་གྲུ་ཁ་ཞིག་ཏུ་ཚ་མོ་ལ་སྒུག་ནས་བསྡད་ཡོད། རྣ་ལམ་དུ་བྱིས་པ་ཚོས་ཀ་ཁ་སུམ་ཅུའི་ཀློག་སྒྲ་ཐོས་པ་རེད།

མཇའ་དབྱངས་འཚོ་འཛོམས་ཀྱིས་བཤད་རྒྱུར། སྔོན་ཆད་སློབ་གྲྭ་འགྲོ་ཐུབ་པ་ཚང་མ་ཕྱུག་བདག་ཡིན་དེ། ང་ལ་སློབ་གྲྭ་འགྲོ་བའི་གོ་སྐབས་མེད་སོང་། ཡིན་ཡང་ངའི་ཚ་མོ་ད་ལྟ་སློབ་གྲྭའི་ནང་འགྲོ་ཐུབ་སོང་། ད་ལྟ་ཞང་ཐོག་ན་སློབ་ཆུང་ཡོད་པ་དང་། སྡེ་བའི་ནང་དུ་བུ་བཅོལ་ཁང་ཡོད། ཚ་མོས་ད་དུང་ང་ལ་ཀ་ཁ་སུམ་ཅུ་ཁྲིད་པ་རེད་ཟེར།

བོད་སྐད་ཡིག་སློབ་གསོ་སྟེ་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བར་བརྟེན། དེང་རབས་ཀྱི་རྒྱུ་རྐྱེན་བསྡུ་ལེན་བྱེད་པའི་སྒང་ཡིན། ལྷག་པ་ཚེ་རིང་གིས་2002ལོ་ནས་བཟུང་། བོད་ལྗོངས་ཀྱིས་བོད་ཡིག་མང་ཚིགས་དང་ཐ་སྙད་གསར་བ་འཚོལ་སྡུད་དང་ཞིབ་བཤེར་གཏན་འབེབས་བྱ་བ་བྱེད་མགོ་བརྩམས་ཏེ། ལོ་བཅུ་གཅིག་རིང་གི་འབད་བརྩོན་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མང་ཚིགས་དང་ཐ་སྙད་གསར་བ་འཚོལ་སྡུད་ལེགས་སྒྲིག་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་པ་མ་ཟད། ད་དུང་བོད་ཡིག་མང་ཚིགས་དང་ཐ་སྙད་གསར་བ་དོན་ཚན་7000ལྷག་དང་ཚན་རྩལ་ཐ་སྙད་དོན་ཚན་ཁྲི6 རྩིས་འཁོར་མཐུད་ཁའི་ཐ་སྙད་དོན་ཚན་ཁྲི12་ ཞིབ་བཤེར་གཏན་འབེབས་བྱས་ནས་ཁྱབ་བསྒྲགས་བྱས་ཟེར།

བོད་སྐད་ཡིག་སློབ་གསོའི་དེང་རབས་རྒྱུ་རྐྱེན་ཡང་བོད་ཡིག་ལག་འཁྱེར་ཁ་པར་ནང་དུ་བཀོལ་སྤྱོད་བྱས་ཡོད་པ་མཚོན་པར་བྱས། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པའམ། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་དངོས་གྲུབ་ཀྱིས་གསར་འགོད་པར་ལྟེ་གནས་ཀྱི་ཞིབ་འཇུག་གསར་སྤེལ་བྱས་པའི་གངས་རྒྱན་བོད་ཡིག་ནང་འཇུག་བྱ་ཐབས་ཀྱིས་ལག་འཁྱེར་ཁ་པར་བོད་ལྗོངས་མང་ཚོགས་ཁྲོད་དུ་ཁྱབ་གདལ་བཏང་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག