མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཡོང་བ་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ་བ།  2014-02-23 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱིས་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཡོང་བ་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཞིང་ལས་གསར་སྤེལ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར 1.9བཏང་ནས་དབུལ་སྐྱོར་རྣམ་གྲངས 336འཛུགས་སྐྲུན་ལས་འགོ་བཙུགས་པ་དང་། ལོ་འཁོར་མོར་དུད་ཚང5500 དང་མི་ཁྲི་ཚོ3 གྱི་དབུལ་སྒྲོལ་དང་གོང་འཕེལ་གྱི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

ད་ལོའི་ཚུན་དུ་ཆབ་མདོ་ས་ཁུལ་གྱིས་དབུལ་པོའི་ཤང་དང་གྲོང་ཚོར་དབུལ་སྐྱོར་བྱེད་རྒྱུ་གཙོ་བོ་བྱེད་པ་དང་། དབུལ་པོའི་དུད་ཚང་འབབ་འཕར་ཡོང་བ་བྱེད་རྒྱུ་དམིགས་ཚད་བྱས་ཏེ་མ་དངུལ་སྒོར་ཁྲི་ཚོ 7000 ལྷག་ཙམ་བཏང་ནས་སྔོ་ཚལ་འདེབས་འཛུགས་དང་འབྲས་ཤིང་འདེབས་བཛུགས། བོད་ཕག་དང་བོད་བྱ། བཞོན་མ་གསོ་སྤེལ་སོགས་ཚུད་པའི་དབུལ་སྐྱོར་རྣམ་གྲངས 145 ལག་བསྟར་བྱས་པ་མ་ཟད། ཆབ་མདོ་ས་ཁུལ་གྱིས་ཤང་ཡོངས་ལ་དབུལ་ཕོངས་ས་ཆའི་རྣམ་པར་འགྱུར་ལྡོག་གཏོང་བའི་འགག་སྒྲོལ་བྱེད་སར་བརྩི་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གསར་སྤེལ་ཟུང་འབྲེལ་གྱིས་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་རུབ་བསྡུས་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་འགག་སྒྲོལ་བྱས་ནས་གོང་འཕེལ་ལ་ཚོད་འཛིན་ཐེབས་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། སྤྱི་ལོ 2013 ལོར་ས་ཁུལ་དེ་ཡོངས་ཀྱིས་ཤང་གྲོང་རྡལ 53 གྱི་དབུལ་སྐྱོར་རྣམ་གྲངས 163ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ 8600 ལྷག་ཙམ་བཏང་ཡོད་པ་རེད།

གཞན་ཡང་། ཆབ་མདོ་ས་ཁུལ་གྱིས་ངལ་ནུས་སྤོ་འགྱུར་སྦྱོང་བརྡར་ཐད་ཤུགས་སྣོན་རྒྱབ་ཡོད་པ་དང་། སྤྱི་ལོ 2013 ལོར་ས་ཁུལ་དེ་ཡོངས་ཀྱིས་ངལ་ནུས་སྤོ་འགྱུར་རྣམ་གྲངས་ལྔ་འཛུགས་སྐྲུན་བྱས་པའི་ནང་མི་གྲངས 500ལྷག་ཙམ་ངལ་ནུས་སྤོ་འགྱུར་ཐུབ་ཡོད་ཅིང་། མང་ཚོགས་ཀྱིས་དབུལ་སྐྱོར་དང་ཞིང་ལས་གསར་སྤེལ་རྣམ་གྲངས་ནང་ངལ་ནུས་ཕྱིར་གཏོང་བྱས་པ་དང་། ས་གནས་ཀྱི་འཛུགས་སྐྲུན་རྒྱུ་ཆ་མཁོ་འདོན་བྱས་པར་ཡོང་འབབ་སྒོར་ཁྲི་ཚོ 3800བྱུང་ཡོད་པ་མ་ཟད། ཆབ་མདོ་ས་ཁུལ་གྱིས་དབུལ་ཕོངས་དུད་ཚང1300 ཡི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཟིན་ནས་ད་བར་དབུལ་ཕོངས་དུད་ཚང1300བདེ་སྡོད་ལས་གཞིའི་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག