མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཟླ་དང་པོའི་ནང་ལྷོ་ཁའི་ཁྲལ་འབབ་སྒོར་དུང་ཕྱུར་གཉིས་ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   2014-02-23 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཁྲལ་དོན་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ལྷོ་ཁ་ས་ཁུལ་གྱི་རྒྱལ་ཁྲལ་ཡོང་འབབ་མྱུར་བ་དང་། རྒྱུན་མཐུད། བརྟན་པོ་བཅས་ཀྱི་སྒོ་ནས་འཕར་བའི་རྣམ་པ་བཟང་པོ་ཐོན་ནས་འཕར་ཚད་དང་ཡོང་འབབ་ཀྱི་གཞི་ཁྱོན་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་འགོ་ཡག་པོ་འཛུགས་ཐུབ་པ་དང་ཟླ་དང་པོའི་ནང་སྒོར་དུང་ཕྱུར་གཉིས་ལས་བརྒལ་ཡོད་པ་རེད། ཟླ་དང་པོའི་ནང་ས་ཁུལ་དེ་ཡོངས་ཀྱིས་ཁྲལ་འབབ་སྣ་ཚོགས་སྒོར་ཁྲི22686བཏོད་པ་དེ་དུས་མཚུངས་ལས་སྒོར་ཁྲི8322མང་དུ་ཕྱིན་ནས་བརྒྱ་ཆ58.54འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོའི་ནང་ལྷོ་ཁ་ཐད་གཏོགས་ཁྲལ་དོན་ཡན་ལག་ཅུས་ཀྱིས་ཁྲལ་འབབ་སྒོར་དུང་ཕྱུར1.35བཏོད་དེ་བརྒྱ་ཆ91འཕར་ཡོད་པ་དང་། རྒྱ་ཚྭ་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་འབབ་སྣ་ཚོགས་ཁྱོན་སྒོར་ཁྲི1927བཏོད་པ་དེ་དུས་མཚུངས་ལས་སྒོར་ཁྲི587འཕར་ནས་བརྒྱ་ཆ་43.8འཕར་བ་དང་ཟླ་བ་གཅིག་རང་གི་ཁྲལ་འབབ་ཡོང་འབབ་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། གྲ་ནང་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་འབབ་སྣ་ཚོགས་སྒོར་ཁྲི210བཏོད་ཡོད་པ་དེ་དུས་མཚུངས་ལས་སྒོར་ཁྲི76མང་དུ་ཕྱིན་ནས་བརྒྱ་ཆ57འཕར་ཡོད་པ་དང་། སྣ་དཀར་རྩེ་རྫོང་རྒྱལ་ཁྲལ་ཅུས་ཀྱི་མཛོད་འཇུག་ཁྲལ་འབབ་སྒོར་ཁྲི177ཟིན་པ་དེ་དུས་མཚུངས་ལས་སྒོར་ཁྲི94འཕར་ནས་བརྒྱ་ཆ114.5འཕར་ཡོད་པ་རེད།

2014ལོར་ལྷོ་ཁ་ས་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་རང་ངོས་གོང་འཕེལ་ཡོང་རྒྱུར་དམིགས་ནས“ཞབས་ཞུ་རྩེ་གྲ་དང་།དོ་དམ་རྩེ་གྲཁྲིམས་འཛིན་རྩེ་གྲ”བཅས་བཏོད་པའི་ལས་ཀའི་ཚད་གཞི་བཏོན་ནས་རང་ངོས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ས་ཁུལ་གྱི་ཁྲལ་དོན་གོང་འཕེལ་གྱི་ནང་གནས་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ་ལས་བྱེད་ལས་བཟོ་ཚོས་གསར་གཏོད་ཀྱི་འདུ་ཤེས་གསར་པ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག