མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུ་དབྱིང་ཅེ་ཡིས་གར་རི་དགོན་དུ་རྟོག་ཞིབ་ལ་ཕེབས་དུས་དགོན་པའི་དོ་དམ་ལས་ཀ་གཏིང་ཟབ་ལ་ཞིབ་ཕྲ་ལྡན་པས་གསར་གཏོད་བྱེད་དགོས་ཞེས་གསུངས།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2014-02-23 11:10

ཚེས14ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུའི་རྒྱུན་ལས་ཀྱི་ཧྲུའུ་ཅི་གཞོན་པ་ཝུ་དབྱིང་ཅེ་གར་རི་དགོན﹙མཚན་རྒྱས་པར་གར་རི་དགོན་བསམ་གཏན་གླིང་ཟེར﹚དུ་ཕེབས་ནས་དགོན་པའི་བཙུན་མ་དང་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག ། དགོན་པའི་དོ་དམ་ལ་ཤུགས་སྣོན་དང་ལས་ཀར་གསར་གཏོད་སྐོར་ནས་རྟོག་ཞིབ་གནང་། དེ་ནི་ཝུ་དབྱིང་ཅེ་དང་གར་རི་དགོན་གྱི་བཙུན་མའི་འཐུས་ཚབ་པ་གཉིས་ཀྱིས་གླེང་མོལ་བྱེད་པའི་ཚུལ་ཡིན།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས14ཉིན་ནི་དཔྱིད་གསར་གྱི་ཚེས་བཅོ་ལྔ་ཡིན་ལ། བོད་ལུགས་ཀྱི་ལོ་གསར་སྔོན་མ་ཡིན། ཚེས14ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ལས་ཀྱི་ཧྲུའུ་ཅི་གཞོན་པ་ཝུ་དབྱིང་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་བསྣམས་ནས་གར་རི་དགོན་དུ་བསྐྱོད་ནས་ཧྲུའུ་ཅི་ཁྲེང་ཆོན་ཁོ་དང་། ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་ཚབ་གནང་སྟེ། དགོན་པའི་བཙུན་མ་དང་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་གནང་བ་མ་ཟད། དགོན་པའི་དོ་དམ་ལས་ཀ་ཤུགས་སྣོན་དང་གསར་གཏོད་ཐད་ལ་རྟོག་ཞིབ་གནང་།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧེ་ཝན་ཧའོ་དང་ལྷན་དུ་རྟོག་ཞིབ་གནང་།

གར་རི་དགོན་ནི་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོའི་བྱང་ངོས་ཀྱི་ལུང་བར་ཆགས་ཡོད་ཅིང་། ད་བར་དུ་ཧ་ལམ་ལོ་༩༠༠ཡི་ལོ་རྒྱུས་ལྡན། ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ཆེས་རིང་བའི་བཙུན་མའི་དགོན་པ་ཞིག་ཡིན། གར་རི་་དགོན་གྱི་སྔོ་ཚལ་དྲོད་ཁང་དང་། སྨན་ཁང་། བཙུན་ཤག དགོན་པའི་དོ་དམ་ཨུ་ལྷན་བཅས་སུ་ཝ་དབྱིང་ཅེ་ཡིས་དགོན་པའི་བཙུན་མ་དང་། དགོན་པར་སྡོད་པའི་ལས་བྱེད་པ་རྣམས་ལ་ལྷག་སེམས་ཟོལ་མེད་ཀྱིས་ཁ་བརྡ་བྱས་ནས། དགོན་པའི་འཛུགས་བསྐྲུན་དྲུག་དང་། དྲུག་གི་གཅིག དགུ་ཡོད་སོགས་དགོན་པའི་དོ་དམ་ལས་ཀ་གསར་གཏོད་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་། གར་རི་དགོན་དོ་དམ་ཨུ་ལྷན་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་དཔལ་སྒྲོན་གྱིས་ཝུ་དབྱིང་ཅེ་ལ། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་བདེ་ཐང་ངང་གོང་དུ་སྤེལ་བར་སྐུལ་སྤེལ་ཚད་མེད་གནང་སྟེ། རྒྱ་ཆེའི་བཙུན་མ་རྣམས་ཀྱི་འཚོ་བར་ཐུགས་ཁུར་ཟོལ་མེད་གནང་བ་དང་། དགོན་པར་རོགས་བྱས་ཏེ་དཀའ་གནད་མི་ཉུང་བ་ཐག་གཅོད་བྱས་པས། བཙུན་མ་འདུས་པའི་རྒྱལ་ཡོངས་མི་རིགས་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱས་ཁྱིམ་ཆེན་འདི་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ཚང་མར་མྱོང་བ་ཟབ་མོ་ཆགས་ཞེས་བཤད། ངག་དབང་དཔལ་སྒྲོན་གྱི་སྐད་ཆ་དེར་ཉན་པ་དང་། དགོན་པའི་བཙུན་མ་རྣམས་ཀྱི་བཞིན་འཛུམ་རྒོད་པའི་མདངས་མཐོང་རྗེས། ཝུ་དབྱིང་ཅེ་ལ་དགའ་སྤྲོ་དཔག་མེད་ཅིག་སྐྱེས་ཞོར། རྒྱལ་ཁབ་ཕྱུག་ན་མི་སེར་སྐྱིད། མི་སེར་སྐྱིད་ན་རྒྱལ་ཁབ་བདེ་ཟེར།

བོད་བརྒྱུད་ནང་བསྟན་གྱིས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་ཁྲིམས་བརྩི་སྲུང་། ངན་དོར་ལེགས་སྐྱོང་། འཆམ་མཐུན་དར་སྤེལ། ཞི་བདེའི་སྨོན་འདེབས་ཀྱི་དགོངས་པ་དེ་ནི་ཏང་དང་སྲིད་གཞུང་གིས་དར་སྤེལ་བྱེད་པའི་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་དང་མཐུན་པས། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་ནི་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་བརླིང་ལ་སྐུལ་སྤེལ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཉག་ཅིག་ཡིན། དོན་དངོས་ཀྱིས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ཞིང་། སྲིད་གཞུང་གི་དོ་དམ་དང་ལེན་བྱས་ན། ད་གཟོད་བོད་བརྒྱུད་ནང་བསྟན་ལ་བདེ་ཐང་དང་འོད་གསལ་གྱི་མ་འོང་བ་ཞིག་ཡོད་པ་ར་སྤྲོད་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་བཞིན་ནན་ཏན་གྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས། དགོན་པའི་སྤྱི་པའི་ཞབས་ཞུ་དོན་འཁྱོལ་སྒོས་བཅོས་སྒྱུར་བཅས་བྱས་ནས་གྲྭ་བཙུན་གྱི་དོན་དངོས་ཀྱི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱེད་རྒྱུ་ཡིན། ཁྱོད་ཚོས་ཀྱང་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཆོས་དད་མང་ཚོགས་ལ་སྔར་ལས་ཞབས་ཞུ་སྒྲུབ་ཏེ། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཁྲོད་འདོན་འོས་པའི་ནུས་པ་འདོན་རྒྱུ་ཞེས་བླང་བྱ་བཏོན་པ་རེད།

ཝུ་དབྱིང་ཅེ་ཡིས་བསྟན་དོན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་ལམ་ལུགས་གསར་གཏོད་སྐོར་གྱི་འཐབ་ཇུས་ལ་ཤུགས་སྣོན་བྱེད་རྒྱུ་དེ་ནི་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་དོ་དམ་གྱི་ཟུར་ངོས་རྒྱུན་འཁྱོངས་དང་། དགོན་སྡེའི་གྲྭ་བཙུན་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གོ་རིམ་སྲུང་སྐྱོབ། བོད་བརྒྱུད་ནང་བསྟན་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱ་ཆེ་བའི་དགོན་སྡོད་ལས་བྱེད་པས་སྔར་ལས་གཏིང་ཟབ་ཅིང་ཞིབ་ཚགས་ལྡན་པ། དོན་དངོས་ཀྱི་སྒོ་ནས་གྲྭ་བཙུན་གྱི་སྣེ་ཁྲིད་སློབ་གསོ་དང་ཞབས་ཞུའི་དོ་དམ་ལས་ཀ་ལེགས་པོ་སྒྲུབ་པ་དང་། མུ་མཐུད་དུ་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་མཐུན་སྦྱོར་དང་ལག་བསྟར་ལེགས་པོ་བྱས་ནས། དགོན་པའི་ནུས་པའི་མི་ཐེག་པའི་གནད་དོན་དང་གྲྭ་བཙུན་གྱི་འོས་མཐུན་གྱི་རེ་བར་རྒྱབ་སྐྱོར་དང་ཐག་གཅོད་བྱེད་པ་དང་མཉམ་དུ་ངང་རིང་ཞིབ་ཚགས་ཀྱིས་སྲིད་ཇུས་བཅའ་ཁྲིམས་དྲིལ་སྒྲོག་དང་། གྲྭ་བཙུན་གྱིས་རང་རྟོགས་སྒོས་སྤྱི་དམངས་ཀྱི་འོས་འགན་ལག་བསྟར་བྱས་ཐོག། རང་འགུལ་གྱིས་སྤྱི་ཚོགས་འགན་ཁུར་དང་དུ་ལེན་པར་སྣེ་ཁྲིད་ནས། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་ལ་བརྟན་བརླིང་ལ་སྐུལ་འདེད་ཁྲོད་ཀྱི་ནུས་པར་གལ་ཆེན་དོན་དང་ལྡན་པའི་ངང་བཏོན་ཏེ། རྒྱ་ཆེ་བའི་མང་ཚོགས་དང་གྲྭ་བཙུན་རྣམས་ནི་ཏང་དང་སྲིད་གཞུང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པོ་ཡོང་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན།

ཝུ་དབྱིང་ཅེ་གསུང་བཤད་ལ་དེར་བཞུགས་ཀྱི་གྲྭ་བཙུན་དང་དགོན་སྡོད་ལས་བྱེད་པའི་དགའ་བསུ་ཆེན་པོ་ཐོབ། གར་རི་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་དགོན་པའི་དོ་དམ་ལས་ཀ་གསར་གཏོད་དང་ཤུགས་སྣོན་བྱ་རྒྱུ་དང་། དགོན་པའི་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཁོ་ཐག་ཡིན་ཟེར། གར་རི་དགོན་པའི་བཙུན་པ་ཡོངས་ཀྱིས་བསྟན་དོན། ཏང་དང་སྲིད་གཞུང་གི་རེ་བ་འབྲས་མེད་དུ་མི་གཏོང་པར་བློ་སེམས་རྩེ་གཅིག་གིས་སྒྲུབ་སྦྱོང་དང་། ནང་བསྟན་དར་སྤེལ། རྒྱལ་གཅེས་ཆོས་གཅེས། རྒྱལ་སྲུང་དམངས་ཕན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་བརླིང་ལ་འདོན་འོས་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག