མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་རིག་གནས་བྱ་གཞག་གོང་འཕེལ་ཡོང་རྒྱུར་འགན་སྲུང་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ་བ།   2014-02-23 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2013 ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཁག་གཉིས་པའི་དཔེ་སྟོན་ཁུལ་གྱི་རེ་ཞུ་ལེགས་སྒྲུབ་བྱུང་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ 2008 ལོའི་ཚུན་དུ་ལྷོ་ཁ་ས་ཁུལ་གྱིས་ལོ་ལྟར་སྒོར་ཁྲི་ཚོ 120 བཏང་ནས་རིག་གནས་གོང་འཕེལ་ལ་ཤུགས་སྣོན་བརྒྱབ་ཡོད་པ་མ་ཟད་ལོ་ལྟར་མ་དངུལ་མང་དུ་གཏོང་བའི་བྱ་ཐབས་བཟུང་སྟེ་ནོར་ཤུགས་ཐད་ནས་ས་ཁུལ་དེ་ཡོངས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་ཡོང་རྒྱུར་འགན་སྲུང་བྱས་ཡོད་པ་རེད།

ད་བར་ས་ཁུལ་དེ་ཡོངས་སུ་ད་ཡོད་རིག་རྩལ་འཁྲབ་སྟོན་ཚོགས་པ9 ཡོད་པ་དང་ལས་ཞུགས་མི་སྣ 260ཡོད་པ་མ་ཟད། ས་ཁུལ་རིམ་པའི་མང་ཚོགས་སྒྱུ་རྩལ་ཁང་གཅིག་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བདུན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ 2དང་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ 2ཡོད་པ་རེད། དེང་སྐབས་ལྷོ་ཁ་ས་ཁུལ་ལ་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་ཁྱོན་བཅུ་གཉིས་དང་། ཆ་འཕྲིན་ཐོན་ཁུངས་མཉམ་རོལ་ལས་གཞིའི་རྫོང་གི་ཡན་ལག་ལྟེ་གནས 12 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས 113 ཤང་གྲོང་རྡལ་གྱི་རིག་གནས་ས་ཚིགས 15གློག་བརྙན་ཁང13བཅས་ཡོད་པ་རེད། རིགས་ཁག་གི་རིག་གནས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ནས། ས་ཁུལ་དེ་ཡོངས་ཀྱི་ལས་ཞོར་རིག་གནས་འཚོ་བ་འགན་སྲུང་ཐུབ་ཆེད་ཉེ་བའི་ལོའི་རིང་ལྷོ་ཁ་ས་ཁུལ་གྱིས་ལོ་རེར་ཆ་སྙོམས་རིག་རྩལ་གཤམ་སྐྱོད་བྱེད་སྒོ་ཐེངས་བཞི་བརྒྱ་ལྷག་ཙམ་སྤེལ་བ་རེད།

ས་ཁུལ་དེ་ཡོངས་ཀྱི་རིག་རྩལ་གསར་གཏོད་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་བ་སྟེ། ཐོག་མར་གསར་གཏོད་བྱས་པའི་གླུ་གར་འཁྲབ་གཞུང་ཆེ་གྲས་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་པ་སོགས་གསར་རྩོམ་འཁྲབ་སྟོན་བརྩམ་བྱ་མང་པོར་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་ཐོབ་ཡོད་པ་དང་དུས་མཚུངས་ས་ཁུལ་དེ་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། རྒྱུན་འཛིན་པའི་རེ་ཞུ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ད་བར་ས་ཁུལ་དེ་ཡོངས་སུ་ད་ཡོད་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་གཉིས་དང་རང་སྐྱོང་ལྗོངས་རིམ་པའི་དངོན་མིན་རིག་གནས་ཤུལ་བཞག 50ཡོད་པ་མ་ཟད་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ 12བར་མང་དུ་ཕྱིན་ཡོད་པ་དང་། རིགས་ཁག་གི་རིག་གནས་བྱེད་སྒོ་བརྒྱུད་ས་ཁུལ་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིངས་གོང་འཕེལ་ཡོང་རྒྱུར་དགོས་ངེས་ཀྱི་རིག་གནས་ཆ་རྐྱེན་སྐྲུན་ཡོད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག