མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མ12བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-02-23 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2014ལོར་བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཐོག་མ་བསྡུ་རྒྱུ་ཡིན་པ་དང་། ཁྱོན་སློབ་མ12བསྡུ་རྒྱུ་ཡིན་པས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པའི་ཞིབ་འཇུག་སློབ་མ་མེད་པའི་སྟོང་ཆ་སྐོང་ཡོད་རེད།

བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་ཕུར་བུ་ཚེ་རིང་གིས་སྤྱི་ལོ2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་དུ་དངོས་སུ་གཏན་འཁེལ་བྱས་ཤིང་། འབུམ་རམས་པའི་ཡོན་གནས་བཙུགས་རྗེས། བོད་ལྗོངས་སློབ་ཆེན་དུ་ཤེས་རམས་པ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་ཆ་ཚང་བའི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པ་རེད།

ཕུར་བུ་ཚེ་རིང་གིས་མི་རིགས་རིག་པ་དང་། ཀྲུང་གོའི་སྐད་ཡིག་དང་རྩོམ་རིག སྐྱེས་ཁམས་རིག་པ་བཅས་རིམ་པ་དང་པོའི་རིག་ཚན་གསུམ་དུ་རིག་ཚན་རེར་སློབ་མ4དང་ཁྱོན་སློབ12བསྡུ་རྒྱུ་ཡིན། ཡིག་རྒྱུགས་གཏོང་མཁན་གྱི་སློབ་མས་དྲ་ཐོག་སྟེང་འབྱོར་ཐོ་འགོད་ཆོག་པ་དང་འབྱོར་ཐོ་འགོད་པའི་དུས་ཚོད་ནི་ཟླ་བ་འདིའི་ཚེས28བར་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག