མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2014-02-22 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས20ཉིན་སྔ་དྲོར།  བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གཞུང་སྒྲུབ་ཁང་སྒོ་བྱང་འགེལ་བའི་མཛད་སྒོའམ། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་གདན་ཞུ་མཛད་སྒོ་བོད་རང་སྐྱོང་ལྗོངས་སེ་ར་དགོན་པ་རུ་བསྡུས།

 བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་།  བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་།  བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ལས་ཁུངས་ཀྱི་བོད་ཡིག་གནའ་དཔེ་ཆེད་མཁས29ཡི་གྲུབ།  གཙོ་བོར་ལྗོངས་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོང་འཆར་འགོད་དང་གནའ་དཔེ་ཞིབ་བཤེར་བྱ་བའི་ཇུས་གཞི་ལག་བསྟར་བྱེད་པ།  རང་སྐྱོང་ལྗོངས་གནའ་དཔེ་གཙོ་གནད་སྲུང་སྐྱོང་ལས་ཁུངས་དང་གནའ་དཔེ་རྩ་ཆེན་སོགས་ལ་ཞིབ་དཔྱད་བྱེད་པའི་འགན་ཁུར་ཡོད། 

བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་ཐིན་ཀྲང་ཉི་མ་ཚེ་རིང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་བཤད་རྒྱུར།  གནའ་དཔེ་སྲུང་སྐྱོང་ལྟེ་གནས་གཞུང་སྒྲུབ་ཁང་དང་གནའ་དཔེ་སྲུང་སྐྱོང་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས་པ་དེས་བོད་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་བྱ་བ་ཚད་ལྡན་ཅན་དུ་གཏོང་བ་དང་། སྔར་ལས་ལྷག་པར་གནའ་དཔེ་ཞིབ་བཤེར་དང་ལེགས་སྒྲིག   སྲུང་སྐྱོང་བྱ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། བོད་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་བྱ་བ་རིམ་བཞིན་སྤྱི་ཚོགས་ཅན་དང་ཆེད་ལས་ཅན་དུ་འགྲོ་བཞིན་པ་མཚོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག