མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས“ཁ་གཏད་རོགས་སྐྱོར”རྣམ་གྲངས་ལག་བསྟར་བྱས་ཏེ་མང་ཚོགས་ལམ་ཕྱོགས་དངོས་སུ་ལག་ལེན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-20 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད།  བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཁྲིམས་ཁང་གིས“ཁྲིམས་དཔོན་གཅིག་གིས་དབུལ་ཕོངས་དུད་ཁྱིམ་གཅིག་ལ་རོགས་སྐྱོར་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་གཏུག་བཤེར་བགྲོད་ལམ་ཇེ་ཡངས་སུ་གཏོང་བ་སོགས་དམངས་ལ་ཕན་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། དགུང་ལོ65ལ་སླེབས་ཡོད་པའི་སྒྲོལ་དཀར་ནི་ཤ་གསོས་ཤང་གི་མང་ཚོགས་ཞིག་ཡིན་ལ། བུ་མོ་ཆེ་བར་སྨྱོ་ནད་ཕོག་ཡོད་པ་དང་།  བུ་བུ་མོ་གསུམ་གཉོར་སྐྱོང་བྱེད་པའི་འགན་ཁུར་ལྗིད་མོ་མོའི་ཕྲག་ལ་བབས་ཡོད།  འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་གྱོད་དོན་ཐག་གཅོད་བྱེད་པའི་རྒྱུད་རིམ་ཁྲོད་གནས་ཚུལ་འདི་ཤེས་ནས།  སྒྲོལ་དཀར་ཚང་ནི་ཁྲིམས་ཁང་གི་རོགས་སྐྱོར་བྱེད་ཡུལ་དུ་བཞག་པ་དང་དུས་དང་རྣམ་པ་ཀུན་ཏུ་མོ་ཚང་གི་འཚོ་བར་རོགས་སྐྱོར་བྱས།  པར་རིས་སྟེང་བོད་ལུགས་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཁྲིམས་ཁང་འདིའི་ཁྲིམས་དཔོན་གྱིས་འཚམས་འདྲི་དངོས་ཟོག་ཁྱེར་ནས་སྒྲོལ་དཀར་ཚང་ལ་ལྟ་སྐོར་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག