མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་ལྷུན་གྲུབ་རྫོང་གིས་དམངས་འཚོ་བཟོ་འགོད་རྣམ་གྲངས་བཅུ་ལག་བསྟར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-20 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ཕན་ཁེ་ཆེ་བ་དང་སྤྱི་ཕན་ཆེ་བ།  བཀོལ་སྤྱོད་རང་བཞིན་ཆེ་བའི་ཚད་གཞི་ལྟར།  ཕན་བདེའི་འབབ་ཡོང་དང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན། སློབ་གསོ།  སྨན་བཅོས་འཕྲོད་བསྟེན།  ལས་ཞུགས་རྒན་གསོ་དང་རྨང་གཞིའི་འཛུགས་སྐྲུན་སོགས《གྲུབ་རྫོང་གིས་དམངས་འཚོ་བཟོ་འགོད་རྣམ་གྲངས་བཅུའི་ཇུས་གཞི》གཏན་འབེབས་བྱས།

 དེའི་ནང་ཕྱུགས་རིགས་སྨན་པ་དང་ཞིང་སྡེའི་སྨན་པའི་འབབ་ཡོང་ཇེ་མཐོར་གཏོང་རྒྱུ་དང་།  ཞིང་སྡེའི་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ།  ཞིང་སྡེའི་ཏང་གི་རྩ་འཛུགས་དང་དྲིལ་བསྒྲགས།  རིག་གནས་བཅས་ལ་ནུས་ཤུགས་ཆེན་པོ་བཏོན་པ།  ཞིང་སྡེའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་འབབ་ཡོང་ཇེ་མཐོར་གཏོང་བ་དང་རྒན་གསོ་མི་སྣའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ།  ཞིང་སྡེའི་རིམ་པའི་བྱིས་གཉོར་ཁང་བཞིའི་ཁོངས་གཏོགས་སྒྲིག་ཆས་འཛུགས་སྐྲུན་དངོས་འབེབས་བྱེད་པ་དང་། སློབ་མ་རོགས་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།  རྫོང་ཡོངས་ཀྱི་ཆུ་བེད་ཟམ་པའི་སྒྲིག་ཆས་ཞིག་གསོ་བྱེད་པ།  མཐའ་མཚམས་ས་ཁུལ་གྱི་ཞིང་སྡེའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། འགྲིམ་འགྲུབ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།  གྲྭ་བཙུན་གྱི་ཞག་སྡོད་ཆ་རྐྱེན་ལེགས་བཅོས་སོགས་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག