མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་གཞིས་རྩེ་ས་ཁུལ་གྱི་དམངས་འཚོའི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-18 10:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2013ལོར་གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་ལས་གོང་འཕེལ་མགྱོགས་མྱུར་ཡོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཡོང་རྒྱུ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ས་ཁུལ་ཡོངས་ཀྱི་ཞིང་གསུམ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

སྤྱི་ལོ2013ལོར་གཞིས་རྩེ་ས་ཁུལ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་བརྟན་པོ་བྱུང་ཡོད་པ་དང་། ས་ཁུལ་ཡོངས་ཀྱིས་སྤུས་ལེགས་ནས་དང་གམ་པའི་ལུག་སོགས་ཁྱད་འཕགས་ཐོན་ལས་དམ་འཛིན་ལྷོད་མེད་བྱས་པ་དང༌པ་སྣམ་རྫོང་གི་དེང་རབས་ཞིང་ལས་འཕྲུལ་འཁོར་ཅན་གྱི་དཔེ་སྟོན་རྫོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁག་སོ་སོར་རྒྱལ་རྩེ་དང་ལྷ་རྩེ་སོགས་རྫོང10ལ་ཞིང་འཕྲུལ་དཔེ་སྟོན་གྲོང་ཚོ10དོན་འཁྱོལ་བྱུང་བ། ནས་ཐོན་སྐྱེད་རྟེན་གཞི་དང་འབྲོག་དོར་རྩྭ་སྤེལ་ལས་གཞི་སོགས་ཞིང་ལས་རྣམ་གྲངས་རིགས19ནང་གསེས186གསར་དུ་སྐྲུན་ཏེ་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར3.91ལེགས་སྒྲུབ་བྱུང་བ་སོགས་བྱས་པས་སྤྱི་ལོ2013ལོར་ས་ཁུལ་དེ་ཡོངས་ཀྱི་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར35.7ཙམ་བྱུང་བ་དེ་དུས་མཚུངས་པ་ལས3.7འཕར་ཡོད་པ་རེད།

སྤྱི་ལོ2013ལོར་གཞིས་རྩེ་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར5.1བཏང་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང327དང་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞིའི་དུད་ཚང11000ཙམ་ལེགས་སྒྲུབ་བྱས་པ། གྲོང་ཚོ ༣༠ ལྷག་ཙམ་ལ་གྲོང་ཚོ་ཡོངས་སྐུལ་འདེད་གཏོང་བའི་ལས་གཞི་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་མ་ཟད། བརྒྱད་ལྡན་ཞིང་དུད་ཀྱི་སྒྲིག་བཀོད་ཆ་ཚང་གི་འཛུགས་སྐྲུན་ཏན་ཏིག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་བ་རེད།

རླུང་འཕྲིན་བརྙན་འཕྲིན་དུད་ཚང་ཀུན་ཁྱབ་ལས་གཞི་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར97.94% དང96.09%ཟིན་ཡོད་པ་དང༌། ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་ལ་རིན་པ་མེད་པར་གཟུགས་པོ་བརྟག་དཔྱད་དང་བྱིས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བདེ་བླག་བྱུང་བ། སྤྱི་ཚོགས་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་ནས་གྲོན་དངུལ་སྤྲོད་མཁན་མི་ཁྲི་ཚོ32.11ཡོད་པ། མ་དངུལ་སྒོར་དུང་ཕྱུར2.2བཏང་ནས་རིགས་ཁག་གི་དབུལ་སྐྱོར་རྣམ་གྲངས511ལག་བསྟར་བྱས་ཏེ་དུད་ཚང9000ཙམ་དང་། མི4500ཙམ་གྱི་དབུལ་གྲོལ་ལས་འགན་ལེགས་སྒྲུབ་བྱུང་བ་བཅས་རེད།

ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དེ་ཡང༌། ས་ཁུལ་དེ་ཡོངས་ཀྱི་རིམ་པ་ཁག་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྒོར་དུང་ཕྱུར6.4བཏང་ནས་རིགས་ཁག་གི་རྣམ་གྲངས2600ཙམ་ལག་བསྟར་བྱས་པ་དང༌། མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་བྱེད་མཁན2200ཙམ་སྐྱེད་བསྲིང་བྱས་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་བཏང་བ་དང༌། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་པ་འདོགས་པའི་མ་དངུལ་སྒོར་དུང་ཕྱུར22.21དོན་འཁྱོལ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད་ཅིང༌། སྤྱི་ལོ2013ལོར་ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར5800ཙམ་ཟིན་པ་དེ་དུས་མཚུངས་པ་ལས13%འཕར་སྣོན་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག