མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སས་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།  2014-02-18 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱིས་སྐྱོན་བྲལ་ཐོན་ལས་སྐྱེ་བསྲིངས་ཧུར་ཐག་བྱས་ཏེ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་འཕགས་དེ་ཐོན་ལས་འགྲན་རྩོད་ཀྱི་ཁྱད་འཕགས་ཅན་ལ་འགྱུར་བ་བྱས་ནས། རང་རྒྱལ་ཙམ་མ་ཟད་གོ་ལ་ཧྲིལ་པོའི་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་ཐུབ་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྐྱོན་བྲལ་ཐོན་ལས་ཞིབ་འཇུག་གསར་སྤེལ་རྟེན་གཞི་དང་ཁྱད་ལྡན་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་དཔེ་སྟོན་རྟེན་གཞི། ནུས་མཐོའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་དཔེ་སྟོན་རྟེན་གཞི། དེང་རབས་ཅན་གྱི་བཞོན་མ་གསོ་སྤེལ་རྟེན་གཞི། དེང་རབས་ཅན་གྱི་ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་རྟེན་གཞི། མཐོ་སྒང་གི་ལུས་སེམས་བདེ་ཐང་ལུས་གསོའི་རྟེན་གཞི་བཅས་གསར་བཏོད་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་གོང་འཕེལ་གྱི་སྤྱིའི་དམིགས་ཚད་ནི་སྤྱི་ལོ2016ལོར་སླེབས་དུས་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་གོང་འཕེལ་གྱི་ཁོར་ཡུག་ཅུང་ལེགས་པ་དང་ཐོན་ལས་ཀྱི་འདེགས་སྐྱོར་མ་ལག་སྤྱིར་ན་འཐུས་ཚང་ཡིན་པ། ཐོན་ལས་གོང་འཕེལ་གྱི་གཞི་ཁྱོན་རགས་ཙམ་ཆགས་པ། རང་བདག་གསར་གཏོད་ནུས་པ་ཆེ་བ་དང་གོང་འཕེལ་ཆུ་ཚད་མཐོ་བ། ལོའི་བྲིན་འཚོང་ཡོང་འབབ་སྒོར་དུང་ཕྱུར1ལས་བརྒལ་བ་བཅས་ཀྱི་སྣེ་འདྲེན་ཁེ་ལས20སྐྱེ་བསྲིངས་བྱས་ཏེ། སྐྱོན་བྲལ་ཐོན་ལས་ཀྱི་ལོའི་ཐོན་རྫན་རིན་ཐང་སྒོར་དུང་ཕྱུར300ཟིན་པ་བྱ་རྒྱུ་མ་ཟད། སྤྱི་ལོ2020ལོར་སླེབས་སྐབས་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་མ་ལག་བཙུགས་ནས། འཛམ་གླིང་ཐོག་གྲགས་པ་ཆེ་བའི་མཐོ་སྒང་གི་སྐྱོན་བྲལ་ཐོན་ལས་རྟེན་གཞིར་འགྱུར་བ་བྱེད་རྒྱུ་དང་། སྐྱོན་བྲལ་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1000ཟིན་ནས་ལྷ་ས་གྲོང་ཁྱེར་གྱི་རྐང་འཛིན་ཐོན་ལས་སུ་འགྱུར་བ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག