མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་ད་ལོར་ཚོང་འགུག་དངུལ་འདྲེན་བྱེད་ཚད་སྒོར་དུང་ཕྱུར32.5ཟིན་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-18 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ཚོང་འགུག་མ་འདྲེན་གྱི་ལས་སྟེགས་སྐྲུན་པ་དང་། ཚོང་འགུག་དངུལ་འདྲེན་གྱི་དོན་དངོས་ཕན་འབྲས་ལ་མཐོང་ཆེན་བྱེད་པ། ཚོང་འགུག་དངུལ་འདྲེན་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། ད་ལོ་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར32.5དང་དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར11ཟིན་པ་བྱེད་རྒྱུ་རེད།

ད་ལོ་ཉིང་ཁྲི་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར80དང་། བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར7ལེགས་གྲུབ་བྱས་ཏེ་འགྲིམ་འགྲུལ་དང་ཆུ་བེད། ནུས་རྒྱུ། འཕྲིན་གཏོང་། གྲོང་སྲིད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། ལྷ་ཉིང་ལྕགས་ལམ་དང་ཉིང་ཁྲིའི་གནམ་གྲུ་བབ་ཐང་གི་མྱུར་བགྲོད་གཞུང་ལམ། གནམ་གྲུ་ཐང་བསྒྱུར་བཟོ་རྒྱས་སྐྲུན་སོགས་ཀྱི་གཙོ་གནད་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ། རྒྱལ་ལམ318ཀྱི་ལམ་ཐིག102བརྒྱུད་ཀྱི་རི་རུད་ཐོན་མང་བའི་ཁུལ་དང་། ཐང་སྨད་ནས་ལམ་ཐིག 105བར་གྱི་ལམ་དུམ་བུ་བཅོས་སྐྱོང་ལས་གཞི་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་སྤེལ་གཏོང་བ་དང་། སྨན་གླིང་ནས་སྒང་ཁ་ཟམ་ཆེན་བར་དང་སྤོ་བོ་རྫོང་གི་སུམ་འཛོམས་ནས་རྒུ་ཤང་བར་གྱི་སྣུམ་ནག་ལམ་བསྒྱུར་བཟོའི་ལས་གཞི་ལག་བསྟར་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དྲ་བའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྣང་རྫོང་གི་རྦ་ཆུ་དང་སྨན་གླིང་གི་སྟར་ཁའི་ཐོན་ལས་ཁུལ་སོགས་ཀྱི་ཞིང་ཆུ་འདྲེན་ཁུལ་ལས་གཞི་ལག་བསྟར་ཤུགས་ཆེན་བྱེད་རྒྱུ་མ་ཟད། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཁུལ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་མགྱོགས་སུ་གཏོང་བ་དང་འཕྲིན་གཏོང་དྲ་བ་ཁྱབ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག