མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་གཙོ་བོ་ཁག་བཅུ་སྤྱད་དེ་ཟོག་གོང་བརྟན་པོ་དང་ཚོད་འཛིན་ཡོང་ཐབས་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-18 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟོག་གོང་ནི་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ད་ལྟ་དང་སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་གཙོ་བོ་གང་དག་སྤྱད་དེ་ཟོག་གོང་བརྟན་པོ་དང་ཚོད་འཛིན་ཡོང་ཐབས་བྱས་ཡོད་དམ། དེའི་ཐད་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཡན་ཆིང་ལ་བཅར་འདྲི་ཞུ་སྐབས། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། ཞིབ་ཕྲའི་བཀོད་སྒྲིག་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་བཏང་ཐོག ཟོག་གོང་བརྟན་དུ་གཏོང་བའི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས། ལོ་ཧྲིལ་པོའི་ཟོག་གོང་གཞི་རྩའི་ཆར་བརྟན་དུ་བཏང་བས། སྤྱིར་ན་ད་ལྟ་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་རའི་ཚོང་ཟོག་ཕུན་སུམ་ཚོགས་པ་དང༌། ཐོན་ཁུངས་འདང་ངེས་ཡོད་པ་དང་ཁྲོམ་རའི་སྒྲིག་ལམ་བཟང་བ་བཅས་བྱུང་ཡོད་ཅེས་གསུངས་བ་རེད།

ད་ལྟ་དང་གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཟོག་གོང་ཚོད་འཛིན་ཞིབ་ཕྲ་བྱ་ཐབས་ཏེ། ཁྲོམ་རའི་རིན་གོང་སྙོམས་སྒྲིག་ཚོད་འཛིན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག ཟོག་གོང་ཐད་ལྟ་སྐུལ་ཚོད་འཛིན་དང་དབྱེ་ཞིབ་བྱས་ནས་ཁྲོམ་རའི་འགྱུར་བར་དོ་སྣང་ཟབ་མོ་བྱེད་པ་དང་དུས་མཚུངས། དུས་ཆེན་གསུམ་རིང་གི་ཁྲོམ་རའི་ཟོག་གོང་ལྟ་སྐུལ་དོ་དམ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། དུས་ཆེན་རིང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།

ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང༌། སྡེབ་ཚོང་ཁྲོམ་ར་དང་རྫོང་རིམ་པའི་ཞིང་ཞོར་ཐོན་རྫས་ཁྲོམ་ར། གྲོང་རྡལ་གྱི་སྡེ་ཁུལ་ཉོ་ཚོང་ཁྲོམ་ར་བཅས་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་གནག་ཕྱུགས་བཤས་ར་དང༌། བྱ་རིགས་གཅིག་སྡུད་བཤས་ར། སྔོ་ཚལ་དང་ཤ་སྒོང་སོས་ཉར་མཛོད་ཁང་བཅས་འཛུགས་སྐྲུན་བྱ་རྒྱུ་རེད།

ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཟོག་ཁུངས་མཁོ་སྤྲོད་ཐད་འགན་ལེན་ཡོད་མེད་དང་རིན་གོང་བརྟན་པོ་ཡོད་མེད། དེ་བཞིན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡོད་མེད་སོགས་ལ་དམིགས་ནས། ག ཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག