མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་ཞིང་བར་ཕན་པའི་མ་དངུལ་སྒོར་དུང་ཕྱུར24.59དངོས་འབེབས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-17 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ཞིང་ལས་ལ་ཤུགས་སྣོན་པ་དང་ཞིང་བར་ཕན་པའི་སྲིད་ཇུས་དངོས་འབེབས་བྱེད་པའི་བྱ་བ་ནན་གྱིས་བསྒྲུབ་ཏེ། ལོ་ཧྲིལ་བོར་བསྡོམས་པས་ཞིང་བར་ཕན་པའི་མ་དངུལ་སྒོར་དུང་ཕྱུར24.59དངོས་འབེབས་བྱས་ཤིང་། མང་ཚོགས་ཁྲི67ལ་ཁེ་ཕན་ཐོབ་པ་དང་། མི་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར2195རེ་འཕར་སྣོན་བྱུང་། དེ་ལས་དོན་དངོས་དང་བསྟུན་པའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་པ་དང་། ཕན་ནུས་ལྡན་པའི་ངང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག