མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྗེས་ཕྱོགས་ཀྱི་ཉིན་གསུམ་ནང་བོད་ལྗོངས་སུ་ཁ་བ་འབབ་རྒྱུ་ཡིན་པ་དང་ནུབ་ལྷོའི་ཕྱོགས་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད།

རྩོམ་པ་པོ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2014-02-17 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནམ་གཤིས་རྟོག་དཔྱོད་ཁང་གིས་གསར་དུ་བསྒྲགས་པའི་གནམ་གཤིས་སྔོན་བརྡ་ལྟར་ན། བོད་ལྗོངས་ནུབ་ལྷོའི་ཕྱོགས་ལ་ཚེས་བཅུ་བཞི་ཉིན་ནས་བཟུང་ཁ་བ་བབས་པར་བརྟེན་ནས་རྗེས་ཕྱོགས་ཀྱི་ཉིན་གསུམ་ནང་བོད་ལྗོངས་ཀྱི་ནུབ་ཕྱོགས་དང་ཤར་ཕྱོགས་སུ་ཁ་བ་འབབ་རྒྱུ་རེད། ཐེངས་འདིའི་ཁ་བ་འབབ་པའི་གནམ་གཤིས་དེ་དྲག་རླུང་དང་བསྡེབ་པར་བསྟུན་ནས་དྲོད་ཚད་ཇེ་དམའ་རུ་འགྲོ་ངེས་ཡིན་ལ། མང་ཚོགས་ཀྱིས་མི་ཕྱུགས་གཉིས་ཀའི་དྲོད་འདོན་སོགས་ཀྱི་ལས་ཀ་བསྒྲུབ་དགོས་པར་མ་ཟད། སྒོ་ཕྱིར་འགྲོ་དུས་ངེས་པར་དུ་ལམ་གྱི་གནས་ཚུལ་ལ་རྩད་འདྲི་གསལ་བོ་བྱེད་དགོས།

བོད་རང་སྐྱོང་ལྗོངས་གནམ་གཤིས་རྟོག་དཔྱོད་ཁང་གི་གནམ་གཤིས་སྔོན་བརྡ་གཏོང་མཁན་ཞིག་གིས་བཤད་རྒྱུར། བོད་ལྗོངས་ཀྱི་ནུབ་ཕྱོགས་དང་ཤར་ཕྱོགས་སུ་བསྟུད་མར་ཁ་བ་བབས་པ་དང་བསྟུན་ནས་བོད་ལྗོངས་ཀྱི་ས་ཁུལ་མང་ཤོས་ལ་ཁ་བ་འབབ་རྒྱུ་ཡིན་ལ། དེའི་ནང་ནས་མངའ་རིས་ཀྱི་ལྷོ་བརྒྱུད་དང་གཞིས་ཀ་རྩེའི་ནུབ་ལྷོའི་ཕྱོགས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ནག་ཆུའི་དབུས་ཤར་བརྒྱུད་དང་ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ་དང་ཉིང་ཁྲི་བཅས་སུ་ཁ་བ་འབྲིང་ཙམ་ནས་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཁ་བ་བབས་རྗེས་བོད་ལྗོངས་ཀྱི་ས་ཁུལ་མང་ཤོས་ཀྱི་དྲོད་གྲངས་གསུམ་ནས་བརྒྱད་བར་མར་ཆག་ངེས་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་བརྒྱད་ཀྱི་ཡན་ལ་བསླེབ་ངེས་ཡིན་ཟེར།

ཤེས་གསལ་ལྟར་ན། ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་དུ་བོད་ལྗོངས་ཀྱི་ནུབ་ལྷོའི་ཕྱོགས་སུ་ཚད་རིམ་མི་འདྲ་བའི་ཁ་བ་བབས་ཤིང་། དེའི་ནང་སྙེ་མོར་བབས་པའི་ཁ་བའི་མཐུག་ཚད་ལ་ཧོ་སྨི་བཅུ་གཅིག་དང་གྲངས་ཆུང་བརྒྱད་ཡོད་པ་དང་། ཁ་བ་སྤུངས་ཚད་ལི་སྨི་བདུན་ཡིན། སྤུ་ཧྲེང་མ་ཡོའུ་ཞིབ་བཤེར་ས་ཚིགས་ཀྱི་ཁ་བ་སྤུངས་ཚད་ལི་སྨི་ཉེར་གཉིས་ལ་བསླེབས་ཡོད། མངའ་རིས་དང་། གཞིས་ཀ་རྩེའི་ལྷོ་བརྒྱུད། ལྷོ་ཁའི་ལྷོ་བརྒྱུད། ནག་ཆུའི་ས་ཁུལ་བཅས་སུ་ཚད་རིམ་བརྒྱད་ནས་བཅུ་གཅིག་གི་དྲག་རླུང་གཡུགས། གོང་གསལ་གྱི་ས་ཁུལ་མང་ཤོས་སུ་མིག་སྔར་ད་དུང་ཁ་བ་བར་མ་ཆད་པར་འབབ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག