མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་གཞིས་རྩེ་ས་ཁུལ་གྱི་ནོར་སྲིད་ཡོང་སྒོ་སྒོར་ཁྲི73497ལ་སླེབས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-17 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་ནོར་སྲིད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོར། གཞིས་རྩེ་ས་ཁུལ་གྱིས་ནོར་སྲིད་སྲིད་ཇུས་ཡག་པོ་ལག་བསྟར་ནན་མོ་བྱས་ཏེ། ནོར་སྲིད་ཡོང་སྒོ་དམ་འཛིན་དང་། འགྲོ་གྲོན་སྒྲིག་གཞི་ཇེ་ལེགས་སུ་བཏང་བ། ནོར་སྲིད་དོ་དམ་དང་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་བས། ས་གནས་ནོར་སྲིད་གཏོང་ཡོང་བརྟན་རླིང་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། ལོ་ཧྲིལ་བོར་ས་ཁུལ་ཡོངས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་ཁྲི73497ལ་སླེབས་ཤིང་། དུས་མཉམ་ལས་ཡོང་སྒོ་སྒོར་ཁྲི15946ཇེ་མང་དུ་སོང་བ་དང་། 27.71%འཕར་ཡོད་ལ། ལོ་འགོའི་སྔོན་རྩིས་ཀྱི150.36%ལེགས་འགྲུབ་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག