མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟག་རྩེ་རྫོང་ཤིང་ཚང་གྲོང་ཚོར་དཔེ་དེབ་གཤམ་སྤེལ་དང་རིན་མེད་ལྟ་ཀློག་གི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-16 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས12ཉིན་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཁོངས་གཏོགས་ཀྱི་དཔེ་དེབ་གཤམ་སྤེལ་དང་རིན་མེད་ལྟ་ཀློག་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་ཤིང་ཚང་གྲོང་ཚོར་སྤེལ་བ་རེད།

བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དཔེ་དེབ་འགྲེམས་སྤེལ་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བདེ་སྐྱིད་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན།དཔེ་དེབ་གཤམ་སྤེལ་དང་རིན་མེད་ལྟ་ཀློག་བྱེད་སྒོ་ནི་བོད་ལྗོངས་ཀྱི་གཤམ་སྤེལ་ལྔའི་བྱེད་སྒོའི་ནང་དོན་གཙོ་བོའི་གྲས་ཡིན་པ་དང༌། བྱེད་སྒོ་དེ་སྤེལ་དོན་ནི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་འདེབས་འཛུགས་དང་གསོ་སྤེལ་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་བ།ཞིང་འབྲོག་མང་ཚོགས་ཀྱིས་དཔེ་དེབ་ཡག་པོ་མང་ཙམ་ལྟ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དེ་རེད། ཐེངས་འདིའི་བྱེད་སྒོ་དེས་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ལ་རིན་གོང་སྒོར་ཁྲི2ལྷག་ཟིན་པའི་བོད་ཡིག་གིས་གཙོ་བོ་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་དང་རིག་གནས་སློབ་གསོ།ཚན་རྩལ་འཕྲོད་བསྟེན་སོགས་དང་འབྲེལ་བའི་དཔེ་དེབ་དང་། སྒྲ་བརྙན་དཔེ་སྐྲུན་དངོས་པོ2000ལྷག་ཙམ་སྤྲད་པ་རེད།

ཤིང་ཚང་གྲོང་ཚོའི་གྲོང་མི་ཡེ་ཤིས་ཚེ་རིང་ནི་རྣམ་ཀུན་ནས་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད་པ་དང༌།ཚན་རིག་གི་འདེབས་འཛུགས་ལག་རྩལ་ཐད་ཀྱི་དཀའ་གནད་འཕྲད་སྐབས་ཁོང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཞིང་ཁྱིམ་དཔེ་དེབ་ཁང་དུ་བསྐྱོད་དེ་འབྲེལ་ཡོད་དཔེ་དེབ་ལྟ་གི་ཡོད་པ་དང༌། ཁོང་གིས་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་གྲོང་ཚོའི་ཞིང་ཁྱིམ་དཔེ་དེབ་ཁང་ལ་སླར་ཡང་དཔེ་དེབ་སྐྱེལ་བར་ཡོང་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག