མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གོང་དཀར་རྫོང་གི་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ་སྒོ་ཀུན་ནས་ལེགས་གྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-16 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ལོ2013ལོར་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་གིས་དམངས་སེམས་འདུ་འགོད་ཆེ་གྲས་བཅུ་དོན་འཁྱོལ་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ་དེ་ལས་ཀའི་དམིགས་ཚད་དང་། གྲོང་གསེབ་ཀྱི་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་འཚོར་དོ་ཁུར་བྱེད་པ་དང་དམངས་འཚོ་ལེགས་སུ་གཏོང་བ།ཞི་མཐུན་གྱི་གོང་དཀར་སྐྲུན་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། དབུལ་པོ་ཡིན་པ་མ་ཟད་ཁང་པ་རྒྱག་ནུས་མེད་པའི་དུད་ཚང75ཞིབ་དཔྱད་དང་གཏན་འཁེལ་བྱས་ནས། ཁོང་ཚོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་རྫོང་བདེ་སྡོད་ལས་གྲྭ་གཞུང་ལས་ཁང་དང་ནོར་སྲིད།རྨང་བརྟན་དམངས་ཕན་གཞུང་དོན་ཁང་།རྫོང་རིམ་པའི་ལས་བྱེད་པ་དང་དེ་བཞིན་སྡེ་ཚན་ཁག་བརྒྱུད་ཐུན་མོང་ཐོག་མ་དངུལ་སྒོར་ཁྲི450གྲབས་གསོག་བྱས་ཏེ་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ཐད་བེད་སྤྱད་པ་རེད། ད་ལྟ་རྫོང་དེ་ཡོངས་ཀྱི་འཆར་གཞིའི་ནང་གི་དབུལ་པོ་ཡིན་ལ་ཁང་པ་རྒྱག་ནུས་མེད་པའི་དུད་ཚང75ཡི་སྡོད་ཁང་གི་སྒྲོམ་གཞི་བསླངས་ཟིན་པ་དང་།སྔོན་དཔག་བྱས་ན་ལོ་གསར་གོང་ཚང་མ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག