མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་དོ་འཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-14 13:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གསུམ་པས་ལས་ཀ་རྩིས་སྤྲོད་དང་དུད་ཚང་དུ་ཟབ་སྐྱོད་བྱས་ཏེ་བརྟག་ཞིབ་སོགས་དུས་སྐབས་སྔ་མའི་ལས་ཀ་ཁྱོན་ཡོངས་ནས་ལེགས་བསྒྲུབས་བྱས་པའི་རྨང་གཞིའི་ཐོག མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གཙོ་གནད་བྱེད་པ་དང་། ཞིང་ཁྱིམ་དུ་ཞབས་ཞུ་བྱེད་པ་དང་གྲོང་ཚོར་རྣམ་གྲངས་སྤེལ་བ། མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་བཅས་གཞི་རྟེན་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་སྤེལ་ནས་དམངས་འཚོ་སྔར་བས་ལེགས་བཅོས་བཏང་བ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ཡོད་པ་རེད།

དགུ་ཐང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་མི་དམངས་སྨན་ཁང་དང་མཐུན་སྦྱོར་བྱས་ནས་སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཏེ། གྲོང་ཚོ་ཡོངས་ཀྱི་མང་ཚོགས215ལ་རིན་ཐང་སྒོར་ཁྲི1ཙམ་རེ་བའི་སྨན་རྫས་སྤྲད་ཡོད་པ་རེད། བདེ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་དྲོད་ཁང་འདེབས་འཛུགས་དུད་ཚང་གི་མང་ཚོགས20ལ་དུས་ཡུན་ཉིན10རིང་གི་ཞིང་འབྲོག་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་ནས། མང་ཚོགས་ཀྱི་ལས་གཉེར་རྩལ་ནུས་དང་ཕྱུག་འགྱུར་འཇོན་ཐང་སྔར་བས་ཆེ་རུ་བཏང་ཡོད་པ་རེད། ཡ་རང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་ཚོ136བརྩོན་ལེན་བྱས་ནས་གྲོང་ཚོའི་སྤྱི་ཁང་དང་ཆུ་ཡུར། ཕག་ཚང༌། ཐོན་འབབ་དམའ་བའི་ཞིང་ཁ་བསྒྱུར་བཀོད་བཅས་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། རྫོང་དམངས་སྲིད་ཅུས་ནས་དགུན་གྲོལ་སྲིང་བལ་ཉལ་ཆས་བརྩོན་ལེན་བྱས་ཏེ་མང་ཚོགས་ལ་དྲོ་སྐྱིད་སྐྱེལ་བ་རེད། སྡི་གདོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བགྲེས་སོང་ལ་གཅེས་སེམས་ཕུལ་བའི་བྱེད་སྒོ་སྤེལ་ནས་གྲོང་ཚོའི་ནང་གི་བགྲེས་སོང18ལ་འཚམས་འདྲི་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག