མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་སར་གྱི་རྫོགས་ལྡན་གཟའ་འཁོར་རིང་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི19སྣེ་ལེན་བྱས་ཤིང་ལོ་སྔོན་མའི་དུས་མཉམ་ལས13.18%འཕར་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-11 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སར་སྐབས་སུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་སྡེ་ཁག་གིས་དོན་དངོས་དང་བསྟུན་ནས་སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག  གྲ་སྒྲིག་བཅས་བྱས་ཏེ་དུས་ཆེན་སྐབས་སུ་དོ་དམ་དང་ཞིབ་བཤེར་ནན་མོ་བྱས་ཤིང་། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ། སྤུས་ཚད་མཐོ་བའི་དམིགས་འབེན་མངོན་འགྱུར་བྱས་པས། ལོ་སར་གྱི་རྫོགས་ལྡན་གཟའ་འཁོར་རིང་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི19ལྷག་སྣེ་ལེན་བྱས།

བསྡོམས་རྩིས་ལྟར་ན། 2014ལོའི་ལོ་སར་གྱི་རྫོགས་ལྡན་གཟའ་འཁོར་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས190886སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས13.18%འཕར། དེའི་ནང་ཞག་སྡོད་གནས་སྐོར་བ་མི་ཐེངས86027སྣེ་ལེན་བྱས་ཤིང་དུས་མཉམ་ལས4.02%འཕར། ཉིན་གཅིག་གི་གནས་སྐོར་བ་མི་ཐེངས104859སྣེ་ལེན་བྱས་ཤིང་དུས་མཉམ་ལས22.01%འཕར་ཡོད་དེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.54མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས16.67%བཅས་འཕར་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག