མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་ས་ཁུལ་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མངོན་གསལ་ངང་ཇེ་ལེགས་སུ་གྱུར་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-11 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་བདེ་སྡོད་ལས་གཞིའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2013ལོར། གཞིས་རྩེ་ས་ཁུལ་གྱིས་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན། མཐའ་མཚམས་སྡེ་བའི་རྩ་འཛུགས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱ་བ་ལག་བསྟར་བྱེད་པར་ཤུགས་བསྣན་ཏེ། ས་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

2013ལོར། ས་ཁུལ་ཡོངས་ཀྱི་རྫོང18ཀྱི་རོང་འབྲོག་པའི་ཁྱིམ་ཚང11904ལ་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་བྱེད་རྒྱུའི་ལས་འགན་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི67167.11བཏང་ཡོད་དེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་ངང་ཇེ་ལེགས་སུ་སོང་ཡོད།

2013ལོར། ས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ327ལ་ཞིང་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་གཙང་བཅོས་བྱེད་པའི་ལས་འགན་ཡོད་པ་དང་། ན་ནིང་ལོ་མཇུག་བར། རྫོང་སོ་སོའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་གཙང་བཅོས་བྱེད་པའི་ལས་གཞི་ཡོད་ཚད་ལེགས་འགྲུབ་བྱུང་།

 2013ལོར། གཞིས་རྩེ་ས་ཁུལ་གྱིས་མཐའ་མཚམས་རང་བྱུང་རྫོང་དུ་རྫོང་རིམ་པའི་བྱ་འགུལ་རྩ་འཛུགས་སྤེལ་ས་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱས་ཤིང་། ལོ་ཧྲིལ་བོར་ས་ཁུལ་ཡོངས་ཀྱི་མཐའ་མཚམས་རང་བྱུང་རྫོང225རུ་རྫོང་རིམ་པའི་རྩ་འཛུགས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོད་དེ། ན་ནིང་ལོ་མཇུག་བར། མཐའ་མཚམས་རང་བྱུང་རྫོང167དུ་རྩ་འཛུགས་བྱ་འགུལ་སྤེལ་ས་སྐྲུན་ནས་ལེགས་འགྲུབ་བྱུང་ཞིང་། མཐའ་མཚམས་རང་བྱུང་རྫོང58དུ་རྩ་འཛུགས་བྱ་འགུལ་སྤེལ་ས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག