མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བཞད་མཐོང་སྨོན་རྫོང་གིས་ལས་གཏོད་ཀྱི་ཞབས་ཞུའི་རྣམ་གྲངས་ཀྱི་གསོ་སྦྱོང་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-10 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚན་རྩལ་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་བོད་ལྗོངས་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་གིས་ཚན་རྩལ་གཤམ་སྤེལ་དང་ལས་གཏོད་ཀྱི་ཞབས་ཞུའི་རྣམ་གྲངས་ཀྱི་གསོ་སྦྱོང་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དེ་རིན་ཆེན་རྩེ་ཤང་དང་དར་ལྡིང་ཤང་གི་སྲིད་འཛིན་གྲོང་ཚོ8དུ་གཉེར་བ་དང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་གསོ་ཚགས་དང་ཞིང་འཕྲུལ་ཡོ་ཆས་ཀྱི་ལག་རྩལ་སློབ་ཁྲིད་ཡིན་པའི་ཐོག་གཞི་ཁྱོན་ཅན་གྱི་བྱ་དེ་གསོ་ཚགས་དང་། གཟན་ཆག་མཁོ་སྤྲོད། བྱ་དེ་དང་བྱ་ཕྲུག་གསོ་ཚགས། བྱ་མོ་གསོ་ཚགས་སོགས་ཀྱི་ལག་རྩལ་སློབ་ཁྲིད་བྱས་པ་མ་ཟད། ཞིང་འཕྲུལ་ཡོ་བྱད་སྤྱོད་སྟངས་དང་བདག་གཅེས། དེ་བཞིན་རྒྱུན་གཏན་གྱི་ཉམས་བཟོ་བྱེད་སྟངས་སོགས་ཀྱང་སློབ་ཁྲིད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག