མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་གནས་ཚུལ་མངོན་གསལ་སྒོས་ལེགས་སུ་སོང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-10 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་དོ་དམ་ཨུ་ལྷན་གཞུང་དོན་ཁང་གིས་ཡོངས་བསྒྲགས་བྱས་པའི་སྤྱི་ལོ2013 ལོའི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ཁག་གི་འགྲོ་ལམ་འགྲིམ་འགྲུལ་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཚོད་འཛིན་དམིགས་ཚད་ཀྱི་གྲལ་སྟར་ནང་བོད་ལྗོངས་ཨང་དང་པོར་སླེབས་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཡོངས་བསྒྲགས་གཟེངས་བསྟོད་ཐོབ་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་དང་དེ་བཞིན་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཁས་ལེན་གང་ལེགས་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2013ལོར་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་ཁྲི23ཙམ་ཞིབ་གཅོད་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ཆག་སྒོ2910ཐོན་པའི་ཉེན་བརྡ་དང་ལེན་བྱས་པ་དེ་དུས་མཚུངས་ལས8.4%ཆག་ཡོད་པ་རེད། དེའི་ནང་མི་སྣ་ཤི་རྨས་བྱུང་བའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཆག་སྒོ717ཐོན་པའི་ནང་མི290རྐྱེན་ལམ་དུ་ཤོར་བ་དང་མི881ལ་རྨས་སྐྱོན་ཕོག་ནས་ཐད་ཀའི་རྒྱུ་ནོར་གྱོང་གུན་སྒོར་ཁྲི865ཙམ་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཆག་སྒོ་ཐོན་ཚད8ཉུང་ཡོད་པ་དེ1.1%ཆག་པ་དང་། རྐྱེན་ལམ་དུ་ཤོར་བའི་མི45 ཉུང་བ་ཡོད་པ་དེ13.43%ཆག་པ། རྨས་སྐྱོན་ཕོག་པའི་མི72མང་ཡོད་པ་དེ8.89%འཕར་བ། ཐད་ཀའི་རྒྱུ་ནོར་གྱོང་གུན་ཕོག་ཚད་སྒོར་ཁྲི70ཙམ་ཆག་ནས7.48%ཆག་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག