མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོར་བོད་ལྗོངས་ཀྱི་ཡོང་སྒོ་དམའ་བའི་མི་གྲངས་ཁྲི45.7བར་ཇེ་ཉུང་དུ་སོང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-10 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཚོགས་པའི་བོད་ལྗོངས་ཀྱི་དབུལ་སྐྱོར་ཞིང་སྤེལ་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་བོད་ལྗོངས་ཀྱི་ཡོང་སྒོ་དམའ་བའི་མི་གྲངས་མི་ཁྲི45.7བར་ཇེ་ཉུང་དུ་སོང་ཡོད་དེ། དབུལ་ཕོངས་མི་གྲངས་མི་ཁྲི12.8ཇེ་ཉུང་དུ་སོང་། དབུལ་ཕོངས་དུ་གྱུར་ཚད2012ལོའི23.4%ནས2013ལོའི18.3%དུ་ཆག་ཡོད་པ་རེད།

2013ལོར། བོད་ལྗོངས་ཀྱིས་བསྡོམས་པས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར14.83བཀོད་སྒྲིག་བྱས་ཤིང་། ཕན་ནུས་ལྡན་པའི་བྱ་བ་དག་ནན་ཏན་གྱིས་སྤེལ་བར་བརྒྱུད། བོད་ལྗོངས་དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་བྱུང་ཡོད་ལ། འཕེལ་རྒྱས་ཁོར་ཡུག་ཀྱང་ཇེ་ལེགས་སུ་སོང་ཡོད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་ལས་གོང་འཕེལ་བྱུང་ཡོད་དེ། དབལ་ཕོངས་མི་གྲངས་ཀྱང་སྔར་ལས་ཇེ་ཉུང་དུ་གྱུར། མི་རེའི་སྒོར2300རེ་དབུལ་སྐྱོར་ཚད་གཞི་ལྟར་ན། ལྗོངས་ཡོངས་ཀྱི་ཡོང་སྒོ་དམའ་བའི་མི་གྲངས་དེ2012ལོའི་མི་ཁྲི58.5%ནས2013ལོའི་མི་ཁྲི45.7%བར་ཆག་ཡོད་དེ། དབུལ་ཕོངས་མི་གྲངས་མི་ཁྲི12.8ཇེ་ཉུང་དུ་སོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག