མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་བོད་ལྕགས་ལམ་ཀུང་སིས་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་ཟིན་ཐོ་གསར་བ་བསྐྲུན་པ།

  ཡོང་ཁུངས། མི་དམངས་དྲ་བ།  2014-02-10 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། 2013ལོར། སྐྱེལ་འདྲེན་ཐབས་ལམ་བཅོས་བསྒྱུར་བྱེད་པ་དང་། སྐྱེལ་འདྲེན་གཉེར་བའི་ལམ་ལུགས་བཟོ་བཅོས་མགྱོགས་པོ་བྱས་པ་བརྒྱུད། མཚོ་བོད་ལྕགས་ལམ་ཀུང་སིས་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་ཟིན་ཐོ་གསར་བ་བསྐྲུན་ཡོད་ཅིང་། 2013ལོའི་ལོ་ཧྲིལ་བོར་འགྲུལ་བ་མི་ཐེངས་ཁྲི751.3འགྲུལ་སྐྱེལ་བྱས་ཤིང་། དངོས་ཟོག་རིགས་སོ་སོ་ཏུན་ཁྲི4049སྐྱེལ་འདྲེན་བྱས་པས། དུས་མཉམ་ལས་སོ་སོ་ནས་མི་ཐེངས་ཁྲི67.3དང་ཏུན་ཁྲི29བཅས་ཇེ་མང་དུ་སོང་ཡོད་དེ། འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བསྟུན་མར་གོང་འཕེལ་བྱུང་བ་ལས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བར་སྐྱེལ་འདྲེན་གང་ལེགས་མཁོ་འདོན་བྱེད་པར་ཁག་ཐེག་བྱས་སོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག