མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་གཞི་རིམ་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-09 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་མ་རྩ་མང་དུ་བཏང་ནས་འཛུགས་སྐྲུན་རྣམ་གྲངས་ཁག་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད།

སྤྱིའི་མ་དངུལ་སྒོར་ཁྲི7080བཏང་བ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི2.8ཙམ་ཡོད་པའི་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་། དེ་བཞིན་ཞོར་གཏོགས་སྒྲིག་བཀོད་རྣམ་གྲངས་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད། རྣམ་གྲངས་དེ་རྫོང་ཁག་གིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། མིག་སྔར་ཨ་མདོ་རྫོང་གི་ཤང་གྲོང8དང་། ཤན་རྩྭ་རྫོང་གི་ཤང་གྲོང6། ཉི་མ་རྫོང་གི་ཤང་གྲོང14། ནག་ཆུ་རྫོང་གི་ཤང་གྲོང11བཅས་སྤྱི་ལོ2012ལོའི་ཟླ7པར་ལས་འགོ་བཙུགས་པ་དང་། གོང་གསལ་གྱི་ཤང་གྲོང39ཡི་རིག་གནས་ས་ཚིགས་ནི་སྤྱི་ལོ2013ལོའི་ཟླ4བའི་ཚེས20ཉིན་དུས་བཀག་ལྟར་ལས་འགོ་ཚབཙུགས་ཏེ་ད་ཆ་སྐྲུན་བཞིན་ཡོད་པ་དང་། དེ་བྱིངས་ཀྱི་ཤང་གྲོང་རིག་གནས་ས་ཚིགས42ནི་སྤྱི་ལོ2013ལོའི་ཟླ5པའི་ཟླ་འགོར་ལས་འགོ་བཙུགས་པ་རེད།

སྤྱིའི་མ་དངུལ་སྒོར་ཁྲི437བཏང་བ་དང་རྒྱ་ཁྱོན་སྨི་ངོས་གྲུ1500ཟིན་པའི་རྫོང་ལྔ་(སོག་དང་ཨ་མདོ། ནག་ཆུ། འབྲི་རུ། དཔལ་མགོན)ཡི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཁང་གི་རྣམ་གྲངས་བརྟན་པོའི་ངང་གཉེར་བཞིན་ཡོད་ཅིང་ད་ཆ་དུས་འགོའི་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་རྣམ་གྲངས་དེར་དངོས་སུ་དཔྱད་ཞིབ་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་མ་དངུལ་དེ་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་འཆར་གཞིའི་ནང་འཁོད་ཡོད་པ་དང་རྣམ་གྲངས་དེའི་མ་དངུལ་དམིགས་སར་འབྱོར་ནས་ཞིབ་དཔྱད་བྱེད་བཞིན་ཡོད་ཅིང་། རྣམ་གྲངས་ཀྱི་རགས་རྩིས་མཆན་བཀོད་བཀའ་ལན་སྔ་རྗེས་སུ་སྤྲོད་རྒྱུ་རེད།

སྤྱིའི་མ་དངུལ་སྒོར་ཁྲི300བཏང་ནས་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་ལྔ་(ནག་ཆུ་དང་ལྷ་རི། འབྲི་རུ། ཨ་མདོ། སོག)ཡི་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས་ལས་གྲྭ་བརྟན་པོའི་ངང་སྤེལ་བཞིན་ཡོད་ཅིང་ད་ཆ་འབྲི་རུ་དང་ནག་ཆུ་ཕུད་རྫོང་གཞན་དག་གི་ཉམས་བཟོའི་ལས་འགན་ལེགས་གྲུབ་བྱུང་ཡོད་པ་རེད། ནག་ཆུ་རྫོང་དུ་སྤྱི་ལོ2013ལོའི་ཟླ4བའི་ཚེས20ཉིན་ཉམས་བཟོའི་ལས་གྲྭ་བསྐྲུན་པ་དང་ད་ཆ་སྤྱིའི་ལས་གྲྭའི་ཚད་གཞིའི95%ལེགས་གྲུབ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག