མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་དུ་དམངས་ཕན་བྱ་བ་བཟང་པོ་སྒྲུབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-02-09 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། དུས་བཀག་གསུམ་པའི་མེ་ཏོག་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་དོ་འཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གཙོ་བོ་བྱེད་པ་དང༌། ཞིང་ཁྱིམ་དུ་ཞབས་ཞུ་བྱེད་པ། གྲོང་ཚོར་རྣམ་གྲངས་བརྩོན་ལེན་བྱེད་པ། མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་བཅས་གཞི་རྩར་འཛིན་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ནན་ཏན་སྤེལ་ནས་དམངས་འཚོ་ལེགས་བཅོས་སྔར་བས་ཤུགས་ཆེན་བཏང་སྟེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད་པ་རེད།

དགའ་ལྡན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་སྨན་ཁང་དང་མཐུན་སྦྱོར་བྱས་ནས་ནད་བརྟག་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས215རིན་ཐང་སྒོར་ཁྲི1རི་བའི་སྨན་སྤྲད་པ་རེད། བདེ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ཡིད་འོང་དཔལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣར་གཞོགས་འདེགས་བྱས་ཏེ། གྲོང་ཚོ་གཉིས་ཀྱི་བྱིས་པ34ནད་ཡམས་སྔོན་ཁབ་རྒྱབ་པ་མ་ཟད་བྱིས་པའི་ནད་ཡམས་སྔོན་ཁབ་གཱ་བཟོས་ནས་སླད་ཕྱིན་ནད་ཡམས་སྔོན་ཁབ་རྒྱག་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད། བདེ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་དྲོད་ཁང་སྔོ་ཚལ་འདེབས་བཙུགས་བྱེད་མཁན་དུད་ཚང་གི་མང་ཚོགས་མི་གྲངས ༢༠ དུས་ཡུན་ཉིན་བཅུའི་རིང་གི་ཞིང་འབྲོག་མང་ཚོགས་ཀྱི་སྔོ་ཚལ་འདེབས་བཙུགས་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་ནས། མང་ཚོགས་ཀྱི་ལས་སྒྲུབ་རྩལ་ནུས་དང་ཕྱུག་འགྱུར་འཇོན་ཐང་སྔར་བས་ཆེ་རུ་བཏང་ཡོད་པ་རེད།

མེ་ཏོག་རྫོང་གི་མེ་རི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་ཚོ12ཟིན་པའི་ཁྱིམ་ཚང་འགྲུལ་ཁང་གི་རྟ་སྒ་ཆ་སྒྲིག་གི་རྣམ་གྲངས་དང་། མ་དངུལ་སྒོར་ཁྲི་ཚོ15ཟིན་པའི་བྱེ་རྡུལ་ལམ་གྱི་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་བྱས་ཡོད་པ་དང་། ཡ་རང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་ཚོ163བརྩོན་ལེན་བྱས་ནས་གྲོང་ཚོའི་སྤྱི་ཁང་དང་ཆུ་ཡུར། ཡ་རང་གྲོང་ཚོའི་ཕག་ཚང༌། ཐོན་འབབ་དམའ་བའི་ས་ཞིང་བསྒྱུར་བཅོས་རྣམ་གྲངས་ལག་བསྟར་བྱས་ཡོད་ལ་རྫོང་དམངས་སྲིད་ཅུས་ནས་དགུན་གྲོལ་ཉལ་ཆས50བརྩོན་ལེན་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་སྤྲད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག