མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》ཞེས་པ་མི་རིགས་ཕུལ་བྱུང་གི་སྣ་བརྒྱའི་དཔེ་དེབ་ནང་བདམས་ཐོན་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-02-09 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྒྲིག་འཛུགས་བྱས་ནས་རྩོམ་བསྒྱུར་བྱས་པའི《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ་》ཞེས་པ་དེ་ཉེ་དུས་སྐབས་གཉིས་པའི་རྒྱལ་ཡོངས་མི་རིགས་ཕུལ་བྱུང་གི་སྣ་བརྒྱའི་དཔེ་དེབ་མཚམས་སྦྱོར་བྱེད་སྒོའི་ནང་བདམས་ཐོན་བྱུང་ཡོད་པ་རེད།

དཔེ་དེབ་དེའི་ནང་ཚིག་ཚན7662སྡུད་ཡོད་པ་དང་། རྒྱ་བོད་ཡི་གེ་ཁྲི288ཟིན་པ། ཁྱོན་ཡོངས་ཀྱི་རྩོམ་སྒྲིག་དཔེ་སྐྲུན་ལས་དོན་ལ་དུས་ཡུན་ལོ3ལྷག་འགོར་ཡོད་པ་རེད། མི་རིགས་ཕུལ་བྱུང་གི་སྣ་བརྒྱའི་དཔེ་དེབ་མཚམས་སྦྱོར་གྱི་བྱེད་སྒོ་དེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་མཉམ་དུ་གཉེར་བ་ཞིག་ཡིན་པ་མ་ཟད། ལོ་གཉིས་ཀྱི་ཐོག་སྐབས་གཅིག་སྤེལ་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་དཔྱད་འདེམས་དེར་ཁྱོན་དཔེ་དེབ་རིགས954ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག