ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། 2013ལོའི་མཚོ་དམག་བསྡུ་ལེན་བྱེད་པའི་བྱ་བ་དེ་བོད་ལྗོངས་སུ་བསྡུས་ནས་བོད་རིགས་བུ་མོ10བདེ་བླག་ངང་དམག་ཁོངས་སུ་ཞུགས་པ་མ་ཟད། སོ་སོར་ལེའོ་ཉིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་། བྱང་གི་རྒྱ་མཚོ་ཆེན་མོ་དང་ཤར་གྱི་རྒྱ་མཚོ་ཆེན་མོ། ལྷོ་རྒྱ་མཚོ་བཅས་ཀྱི་མཚོ་དམག་དམག་ཁོངས་སུ་ཞུགས། དེའི་ནང་བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་ས་ཁུལ། ཆབ་མདོ་ས་ཁུལ་བཅས་ཀྱི་བོད་རིགས་བུ་མོ4ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད་ལེའོ་ཉིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སྟེང་དམག་མིར་ཞུགས་ཏེ། གཟི་བརྗིད་ངང་མཚོ་དམག་ཏུ་གྱུར།
རྒྱུས་ལོན་པ་ལྟར་ན། ད་ལྟ་ལེའོ་ཉིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་སྟེང་དམག་མིར་ཞུགས་པའི་བོད་རིགས་བུ་མོ་བཞི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱལ་མཚན་སྒྲོལ་མ་དང་པེ་ཅིན་དེང་རབས་དོ་དམ་སློབ་གླིང་གི་སློབ་མ་གསར་བ་པ་སངས་སྒྲོལ་མ། བོད་ལྗོངས་སློབ་ཆེན་གྱི་ཆོས་དབྱངས་ལྷ་མོ་དང་དབྱངས་ཅན་ཆོས་འཛོམས་བཅས་ཡིན། །