མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་ལེགས་བཅོས་བྱས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-07 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རོང་འབྲོག་ཁུལ་གྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་ལེགས་བཅོས་དང་། ཞིང་སྡེ་སྨན་པའི་གླ་ཕོགས་ཇེ་མཐོར་གཏོང་བ། གྲོང་རྡལ་སྡོད་དམངས་ལ་རིན་མི་ལེན་པར་ལུས་པོར་བརྟག་དཔྱད་བྱེད་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་རིན་མི་ལེན་པར་སྨན་བཅོས་བྱེད་པ་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། འགན་སྲུང་མ་ལག་འཐུང་ཚང་དུ་བཏང་བ་དང་། འགྲོ་གྲོན་སྒྲིག་གཞི་ཇེ་ལེགས་སུ་བཏང་བ། མང་ཚོགས་བདེ་ཐང་སྐོར་ཀྱི་དགོས་མཁོ་སྐོང་བ་དང་། གྲོང་རྡལ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཡིན་པའི་ལམ་ལུགས་བཙུགས་པས། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནུས་བ་མངོན་གསལ་ངང་ཇེ་ཆེར་སོང་ཡོད་པ་རེད།

2013ལོར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི26116.1བཀོད་སྒྲིག་བྱས་ཏེ། ཚོད་རྩིས་ལྟར་ན་མི33236ལ་རོགས་སྐྱོར་བྱས་ཤིང་། གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་བྱུང་བས། གྲོང་རྡལ་མང་ཚོགས་ཀྱིས་ནད་ལྟ་དཀའ་བ་དང་སྨན་ཡོན་དཀའ་བའི་གནད་དོན་ཕན་ནུས་ལྡན་པའི་ངང་ཞི་ལྷོད་དུ་བཏང་སྟེ། གྲོང་རྡལ་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཁེ་དབང་དང་ཚེ་སྲོག་གི་ཁེ་དབང་ལ་འགན་སྲུང་བྱེད་ཐུབ་པ་བྱུང་ངོ་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག